| | e-texts navigator
|
35a1 བློ་གྲོས་རྒྱ་མཆོད་ལ་ཚིག་འཁྲུལ་པའི་སྐྱོན་དེ་དག་གང་ཞེན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་ཚོགས་འཁྲུལ་པའི་སྐྱོན་དྲུག་ཅུ་རྔུ་བཞི་དང་བྲལ་ཞིང་རྣམ
35a2 པར་སྤངས་པར་དག་གི་ལས་འབྱུང་སྟེ། དྲུག་ཅུ་རྩ་བཞི་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚིག་རྩུབ་པོ་མེད་པ་ཡིན། ཚིག་རྙོག་པ་མེད་པ་ཡིན། གྱོ་མོའི་སྒྲ
35a3 ལྟ་བུ་མེད་པ་ཡིན། གྲུམ་པའི་སྒྲ་ལྟ་བུ་མེད་པ་ཡིན། སྒྲ་ཧ་ཅང་ཆེ་བ་མ་ཡིན། སྒྲ་ཧ་ཅང་ཆུང་བ་མ་ཡིན། སྒྲ་ཧ་ཅང་དྲག་པོ་མ་ཡིན། ཚིག་བརླང་པོ་མེད་པ་ཡིན། ཚིག་དབ་དང།
35a4 པོ་མེད་པ་ཡིན། ཚིག་ཅལ་ཅལ་པོ་མེད་པ་ཡིན། ཚིག་རྟ་བ་རྟབ་པོ་མེད་པ་ཡིན། ཁས་བུབ་པའི་ཚིག་མེད་པ་ཡིན། ཚིག་ཉམས་པ་མེད་པ་ཡིན། ཟུར་དབྱུང་དགོས་པའི
35a5 ཚིག་མེད་ཡིན། ཚིག་ཞུམ་པ་མེད་པ་ཡིན། ཚིག་སུ་བ་སུབ་པོ་མེད་པ་ཡིན། བྱིས་པའི་ཚིག་ལྟ་བུ་མེད་པ་ཡིན། ཚིག་ནོག་ནོག་པོ་མེད་པ་ཡིན། འབར་བར་བྱེད་པའི་ཚིག་མེད
35a6 པ་ཡིན། ཅོ་འདྲི་བའི་ཚིག་མེད་པ་ཡིན། དུས་མི་ཤེས་པའི་ཚིག་མེད་པ་ཡིན། ཚོད་མི་ཤེས་པའི་ཚིག་མེད་པ་ཡིན། འདོད་ཆགས་ཀྱིས་རྗེས་སུ་ཆགས་པའི་ཚིག་མེད་པ་ཡིན།
35a7 ཞེ་སྡང་གི་ཞེ་འགྲས་པའི་ཚིག་མེད་པ་ཡིན། གཏི་མུག་གིས་རྨོངས་ཤིང་ཞུགས་པའི་ཚིག་མེད་པ་ཡིན། དམན་པའི་ཚིག་མེད་པ་ཡིན། མི་མཐུན་པ་དང་བརྙས་པའི་ཚིག་མེད་པ་ཡིན།
iiif viewer powered by OpenSeadragon
34b - 35b