| | e-texts navigator
|
34a1 པ་ཡིན་ཏེ། ལུས་ཆེ་བའི་ཚུལ་དང་ལྡན་པ་མ་ཡིན་ནོ།། དེ་ཆོས་འཛིན་པ་ཉེ་བར་བཟུང་ནས་སེམས་ཅན་ཇི་ཙམ་དུ་དམན་པ་གཟུགས་མ་ཚང་བ་རྣམས་ལ་ཡང
34a2 འདུད་དོ་རབ་ཏུ་འདུད་དོ།། དེ་རང་གི་ལུས་ཀྱི་ཆོས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཆོས་མཉམ་པ་ཉིད་དུ་ཤེས་པ་ལ་འཇུག་གོ།། དེ་ལུས་ལ་ལུས་ཀྱི་ཆོས་ཉིད་ཤེས་ནས
34a3 ཆོས་ཀྱི་ལུས་ཡིན་གྱི། ཟང་ཟིང་གི་ལུས་མ་ཡིན་ནོ།། དེ་ལ་ཆོས་ཀྱི་ལུས་གང་ཞེ་ན། གང་བསམ་གཏན་གྱི་ཟས་ཟ་བ་ཡིན་གྱི། ཟང་ཟིང་གི་ཟས་ཟ་བ་མ་ཡིན་ཏེ
34a4 འཇིག་རྟེན་དང་འཐུན་པར་བྱ་བ་དང་། སེམས་ཅན་ལ་བསྲིད་བརྩེ་བའི་ཕྱིར་ཟས་ཟའི། ལུས་ཉམ་ཆུང་བའི་ཕྱིར་ནི་མ་ཡིན་ནོ།། དེ་ཆོས་ཀྱི་ལུས་སུ་གྱུར་ནས། ཆོས་ཀྱིས་སྲོག་འཚར།
34a5 ཟང་ཟིང་གིས་སྲོག་འཚོ་བ་ནི་མ་ཡིན་ནོ།། དེ་ལ་ཆོས་ཀྱིས་སྲོག་འཚོ་བ་གང་ཞེ་ན། གང་གི་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་པ་དང་། འཕགས་པའི་ཚུལ་ལས་མི་འདའ་བའོ།།
34a6 དེ་ལ་འཕགས་པ་རྣམས་ཀྱི་ཚུལ་གང་ཞེནའདི་ལྟ་སྟེ། ཆགས་པ་མེད་པ་དང་། སྣང་བ་མེད་པ་དང་། རྨོངས་པ་མེད་པ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དང
34a7 ཇི་ལྟར་བསླབ་པ་བཅས་པ་བཞིན་དུ་ཀུན་ཏུ་བསྲུང་བ་དང་། སྲེད་པ་དང་། རབ་ཏུ་གནས་པ་འདི་ནི་འཕགས་པ་རྣམས་ཀྱི་ཚུལ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྔོན་དུ་འ
iiif viewer powered by OpenSeadragon
33b - 34b