| | e-texts navigator
|
19a1 ཆགས་བསྡང་བས་སྡང་བ་མེད།། གཏི་མུག་མ་སྤོངས་མི་སྡུག་གནས་པ་ཅན།། བྱམས་ལ་དགའ་ཞིང་རྐྱེན་གྱིས་ཆོས་སེམས་པ།། འདི་ན་ཐམས་དད་མཁྱེན་པའོ།།
19a2 སེམས་སྦྱོང་ཡིན།། སྒྲིབ་པ་ལྔ་པོ་དག་གིས་བསྒྲིབས་པ་མེད།། དེ་ལྟར་དེས་ནི་དབང་པོ་ལྔ་ཡང་བསྒོམས།། དེ་ནི་གང་དུའང་བསྒྲིབ་མེད་བཅིངས་པའང་མེད།། སྟོབས་རྣམས་ལྔ་པོ་དག་ལ་རང
19a3 ཏུ་གནས།། ཀུན་ནས་ལྡང་བ་ཤེས་ཤིང་བྱུང་བ་ཉིད།། ཚུལ་བཞིན་མ་ཡིན་སྤངས་ཤིང་ཚུལ་བཞིན་གནས།། དྲན་པ་ཉེ་བར་གཞག་པ་བཞི་ལ་བསྟེན།། ཡང་དག་སྤོང་དང་རྫུ་འཕྲུལ་རྐང་པར
19a4 ལྡན། བྱང་ཆུབ་ཡན་ལག་སྟེན་དང་རྟག་ཏུ་ལྡན།། བརྟན་པ་དེ་ནི་ཡན་ལག་བརྒྱད་ལ་མཆོག་དེ་ནི་འདོད་དང་སྡང་དང་འཇིགས་མི་འགྲོད།། གཏི་མུག་བྲལ་ཞིང་དབང་པོ་ཤིན་ཏུ་བསྡམས།།
19a5 ཆོས་ཀྱི་སྦྱིན་ལ་དེ་ནི་སེར་སྣ་མེད།། སློབ་དཔོན་ནམ་ཡང་ཆོས་འཆབ་མི་བྱེད་དེ།། ཟང་ཟིང་མེད་པར་ཆོས་ནི་སྟོན་པར་བྱེད།། དེས་ནི་དེ་ཡི་བྱང་ཆུབ་སེམས་དག་འགྱུར།། དེ་ནི་ཟང་ཟིང་རྣམས་ལ
19a6 ཀུན་འཛིན་མེད།། རྣམ་སྨིན་རེ་མེད་འདོད་དགུ་གཏོང་བར་བྱེད།། སྦྱིན་དང་སྙན་པ་དོན་བྱེད་དོན་འཐུན་པས།། དེ་ནི་སེམས་ཅན་བརྒྱ་དག་རབ་ཏུ་སྡུད།། དེ་ཡི་བྱང་ཆུབ་སེམས་ནི་བརྗེད་མི་འགྱུར།།
19a7 ཐེག་པ་དམན་ལ་ནམ་ཡང་རེ་བ་མེད།། ཇི་ལྟ་ཇི་ལྟར་སངས་རྒྱས་ཡོན་ཏན་མཐོང་།། དེ་ལྟ་དེ་ལྟར་དེ་བསམ་རི་རབ་འདྲ།། ནང་ནི་རབ་ཞི་སྲེད་པའི་ཉེས་པ་མཛོང་།། དེ་ནི་གཞན་གྱི་འཕྲུལ་ལ
iiif viewer powered by OpenSeadragon
18b - 19b