| | e-texts navigator
|
165b1 བགྱིའོ།། ཆོས་སྨྲ་བ་དེ་ལ་ཡང་ཆོས་བརྒྱད་བསྒྲུབ་པར་བགྱིའོ།། བརྒྱད་གང་ཞེ་ན། ཇི་ལྟར་ཐོས་པའི་ཆོས་མི་བསྐྱུད་པར་བགྱི་བའི་སླད་དུ། དེ་ལ་དྲན་པ་བསྒྲུབ་པར་བགྱི།
165b2 ཆོས་ཟབ་མོ་རྟོག་པར་བགྱི་བའི་སྐད་དུ་དེ་ལ་བློ་གྲོས་བསྒྲུབ་པར་བགྱི། དོན་གྱི་རྣམ་པ་རྟོག་པར་བགྱི་བའི་སྐད་དུ་དེ་ལ་རྟོགས་པར་བསྒྲུབ་པར་བགྱི་ཐེ་ཙོམ་ཐམས་ཅད་གཅད་པའི
165b3 སླད་དུ་དེ་ལ་སྤོབས་པ་བསྒྲུབ་པར་བགྱི། སྐད་དང་ངེས་པའི་ཚིག་ཐམས་ཅད་ཀྱིས་ཡོངས་སུ་ཚིམ་པར་བགྱི་བའི་སྐད་དུ། དེ་ལ་ལུང་བསྟན་པ་ཕུན་སུམ་ཚོགས་པར་བསྒྲུ
165b4 པར་བགྱི་འཁོར་ཐམས་ཅད་ཟིལ་གྱི་མི་ནོན་པར་བགྱི་བའི་སྐད་དུ། དེ་ལ་འདུལ་བར་བསྲུང་བ་བསྒྲུབ་པར་བགྱི། མི་དམན་པར་ལུང་བསྟན་པར་བྱ་བའི་སླད་དུ། དེ་ལ་ཆོས
165b5 ཀྱི་སྣང་བ་སྒྲུབ་པར་བགྱི། དེ་བགྱིད་ཅིང་ཆོས་བསྒྲུབ་པའི་སླད་དུ། དེ་ལ་ངེས་འབྱུང་བའི་སྒོ་བསྒྲུབ་པར་བགྱི་སྟེ། བཅོམ་ལྡན་འདས་ཆོས་སྨྲ་བ་དེ་ལ་ཆོས་བརྒྱད་པོ
165b6 འདི་དག་བསྒྲུབ་པར་བགྱིའོ།། ཆོས་སྨྲ་བ་དེ་ལ་བསྲུང་ཞིག་སྨྲ་བ་དང་། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་འདི་ལྟ་སྟེ། དེ་བཞིན་གཤེགས
165b7 པ་ཉིད་ཀྱི་བྱོན་གྱིས་བརླབས་ཀྱིས་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འང་རྒྱས་པར་འགྱུར་བ་ལྟར་བདུད་ཐམས་ཅད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅད་པར་བགྱིའོ།།
iiif viewer powered by OpenSeadragon
165a - 166a