| | e-texts navigator
|
137a1 མྱུར་དུ་ཐམས་ཅད་མཁྱེན་པ་ཐོབ་པ་ཐོབ་པ་སྟེ། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའ་ལ་ཐོབ་པ་ཆེན་པོ་ཅི་ཤུ་པོ་འདི་དག་རྙེད་པར་དཀའ་བར་མི་འགྱུར།
137a2 རོ།། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཤིག་བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེས། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་རབ་ཏུ་འབྱུང་བ
137a3 ཡང་དག་པར་འཛིན་ཏུ་བཅུག་པས་རྒྱལ་སྲིད་ཐམས་ཅད་སྤངས། རྒྱལ་སྲིད་ཀྱི་དཔལ་ཡང་སྤངས་ཏེ། ཁྱིམ་ན་གནས་པས་ཡིད་བྱུང་བས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་འགོས་ནས། བཅོམ་ལྡན
137a4 འདས་དེའི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་།། དེ་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོའི་བཙུན་མོའི་འཁོར་ཀྱང་རབ་ཏུ་བྱུང་ངོ་།། དེ་དག་རབ་ཏུ་བྱུང་བར་རིག་ནས་རྒྱལ་བུ་གཞོན་ནུ
137a5 རྣམས་ཀྱང་རབ་ཏུ་བྱུང་ངོ་།། དེ་དག་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོའི་བུ་མོ་གཞོན་ནུ་མ་རྣམས་ཀྱང་རབ་ཏུ་བྱུང་ངོ་།། དེ་དག་རབ་ཏུ་བྱུང་བར་རིག་ནས། རྒྱལ་པོའི་ཡུལ་ན་གནས་པའི་སྲོག་ཆགས་བྱེ་བ
137a6 ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ཡང་རབ་ཏུ་བྱུང་ངོ་།། དེ་ལྟར་དེ་དག་རབ་ཏུ་བྱུང་ནས། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པས་བརྩོན་འགྲུས་བརྣམས་ཏེ་གནས་སོ།། བློ་གྲོས་རྒྱ་མཚོ
137a7 སེམས་ཅན་བསོད་ནམས་བྱས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ཇི་ཙམ་དུ་བཅོམ་ལྡན་འདས་དེའི་གསུང་རབ་མཛེས་པར་གྱུར་པ་ལ་ལྟོས། བློ་གྲོས་རྒྱ་མཚོ་དེ་ནས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག
iiif viewer powered by OpenSeadragon
136b - 137b