e-texts navigator
Collection
Volume
Page
Wylie

134a1 དེ་ལམ་ཆགས་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བློ་མི་གཡོ་མི་འགྱུར་ཞིང་ཤིནཿ
134a2 བརྟན་པ་རྣམས་ཡིན་ནོ།། གཞི་གང་ཞེ་ན། སྒྱུ་དང་གཡོ་མེད་པའི་བསམ་པ་དང་། བསམ་པ་ཡོངས་སུ་དག་པའི་སྦྱོར་བ་དང་། སྦྱོར་བ་ལས་མི་ལྡོག་པའི་ལྷག་པའི་བསམ་པ
134a3 དང་། ལྷག་པའི་བསམ་པ་མ་བོར་བར་བསྒྲུབ་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ནེ། བློ་མི་གཡོ་མི་འགྱུར་ཞིང
134a4 ཤིན་ཏུ་བརྟན་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ཡིན་ནོ།། །
134a5 བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བདག་མེད་པར་ཡང་མཐོང་ལ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་དང་ཆོས་ཐམས་ཅད
134a6 བརྗོད་དུ་མེད་པར་ཡང་རབ་ཏུ་ཤེས་ལ། ཡི་གེ་དང་ངེས་པའི་ཚིགས་གིས་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཅིང་དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པ་དང་། སངས་རྒྱས
134a7 ཐམས་ཅད་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བར་ཡང་མོས་ལ་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བསྒྲུབ་པའི་ཕྱིར། བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། སངས་རྒྱས་ཀྱི་ཞི




iiif viewer powered by OpenSeadragon

133b - 134b

Texts on this page

Ty033-001 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo