| | e-texts navigator
|
124b1 ཡུག་ལྟ་བུར་ནི། རང་སངས་རྒྱས་ཀྱི་ཐེག་པ་བལྟའོ།། རིང་བང་མེད་པའི་རས་བཅོས་བུའི་ཟུང་ལྟ་བུར་ནི། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལྟའོ།། བློ་གྲོས་རྒྱ་མཚོ་ཆོས
124b2 རྣམས་ནི་སྙིང་པོ་མེད་པ། བྱེད་པ་འི་མེད་པ། བདག་མེད་པ། སེམས་ཅན་མེད་པ། ཐོག་མེད་པ། གང་ཟག་མེད་པ། བདག་པོ་མེད་པ་སྲེ། འདི་ལྟར་ཇི་ལྟར་འདོད་པ་དེ་ལྟར
124b3 རྣམ་པར་སྒྲུབ་སྟེ། རྣམ་པར་བསྒྲུབས་ཀྱང་སེམས་པ་མ་ཡིན། རབ་ཏུ་རྟོག་པ་མ་ཡིན་པ་ལ་ལྟོས། བློ་གྲོས་རྒྱ་མཚོ་ཆོས་རྣམ་པར་བསྒྲུབ་པ་འདི་ལ་མོས་པའི་བྱང་ཆུབ་སེམས
124b4 དཔའ་ནི། ཆོས་གང་ལ་ཡང་ཡོངསུ་སྐྱོ་བ་མི་སྐྱེད་དོ།། དེ་ལྟར་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། འདིར་གང་ལ་ཡང་ཕན་པ་འམ། གནོད་པ་མི་བྱེད་དོ།། དེ་ལྟར
124b5 ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནི། སྙིང་རྗེ་ཆེན་པོའི་གོ་ཆ་དེ་ཡང་མི་འདོར་རོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། ནོར
124b6 བུ་རིན་པོ་ཆེ་བཻ་ཌཱུཪྻ་རིན་ཐང་མེད་པ་ཤིན་ཏུ་བྱང་བ་ཤིན་ཏུ་རྣམ་པར་དག་པ། ཤིན་ཏུ་དྲི་མ་མེད་པ། རྫབ་ཀྱི་ནང་དུ་བཅུག་ནས་ལོ་སྟོང་ལོན་པ་དེ་ལོ་སྟོང་འདས་ནས་རྫ་བ་དེ་ནས
124b7 བྱུང་སྟེ། བཀྲུས་ཤིང་ཡོངས་སུ་སྦྱངས་ཏེབྱི་དོར་བྱས་ན་ཤིན་ཏུ་དག་ཅིང་ཤིན་ཏུ་ཡོངས་སུ་དག་ལ་ཤིན་ཏུ་སྦྱངས་ནས། དེ་ཉིད་དག་པ་དྲི་མ་མེད་པའི་ནོར་བུ་རིན་པོ་ཆེའི་རང་བཞིན
iiif viewer powered by OpenSeadragon
124a - 125a