| | e-texts navigator
|
123b1 མཞུས་པ་དང་། ཐབས་ལ་མཁས་པ་འཆལ་བར་བགྱིའོ།། དེ་ཅིའི་སླད་དུ་ཡིན། བཅོམ་ལྡན་འདས་ཐབས་ཀྱིས་ནི། བྱང་ཆུབ་སེམས་དཔའ་བསམ་གཏན་དང་། རྣམ་པར་བང་བ་དུ།
123b2 ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ཀྱང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱིས་འཁྲུལ་པར་མི
123b3 འགྱུར་ཏེ། ཟབས་མཁས་པ་ངེས་བགྱི་བ་ཐམས་ཅད་ཀྱང་སྟོན་ལ་བགྱི་བར་ལྟུང་བར་ཡང་མི་འགྱུར། ཆོས་མཉམ་པ་ཉིད་ཡང་གནས་ལ། སེམས་ཅན་ལོག་པ་ཉིང་དུ་མཆིས་པ་རྣམས་ལ
123b4 ཡང་དག་པ་ཉིད་ཀྱི་ངེས་པར་གྱུར་པའི་སླད་དུ། ཆོས་ཀྱང་སྟོན་ཅིང་བསམ་པ་ཡོངས་སུ་མ་རྫོགས་ཀྱི་བར་དུ། བདག་ངེས་པར་གྱུར་པ་དེར་ཡང་མི་ལྟུང་ངོ་།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན
123b5 འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔས་ཐམས་ཅད་དུ་ཐབས་ལ
123b6 མཁས་པ་འདོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཡོད་ཀྱི། ཐབས་ལ་མི་མཁས་པ་ལ་ནི་བྱང་ཆུབ་མེད་དོ།།
123b7 བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། སྣོད་གཅིག་གིས་ནང་དུ་ཚོན་སྣ་གསུམ་སྟེ། སྣ་གཅིག་ནི་ཁ་དོག་སྔོན་པོ།། སྣ་གཅིག་ནི་ཁ་དོག་དམར་པོ།། སྣ་གཅིག་ནི་གསེར་གྱི
iiif viewer powered by OpenSeadragon
123a - 124a