| | e-texts navigator
|
117a1 པའི་གནས་བདུན་བྱུང་བའོ།། ལོག་པ་ཉིད་བརྒྱང་དབྱུང་བའོ།། གནོད་པའི་དངོས་པོ་དགུ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་མི་དགེ་བ་བཅུའི་ལས་ཀྱི
117a2 ལམ་བྱུང་བའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྡིག་པ་མི་དགེ་བའི་ཆོས་དེ་དག་སྤང་བའི་སླད་དུ། སངས་རྒྱས་བྱུང་བ་ལེགས་ཀྱི། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་གཉེན
117a3 པོས་རབ་ཏུ་ཕྱེ་བ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་གཉེན་པོ་མ་མཆིས་པ་གཉེན་པོ་དང་བྲལ་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བའི་རྗེས་སུ་མཆི་བར་འཚལ་བའི
117a4 བྱང་ཆུབ་སེམས་དཔས་རྗེས་སུ་འགྲོ་བ་མ་མཆིས་པའི་ཚུལ་གྱིས་དེ་ལྟར་སངས་རྒྱས་བྱུང་བའི་རྗེས་སུ་མཆི་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།།
117a5 ཇི་སྐད་སྨྲས་པ་བཞིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཚུལ་གྱིས་སངས་རྒྱས་བྱུང་བ་རྗེས་སུ་འགྲོ་བར་བྱ་སྟེ་སངས་རྒྱས་བྱུང་བ་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་བྱུང་བའི་རྗེས་སུ
117a6 འགྲོ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ
117a7 རྣམས་ཀྱིས་ནི། སངས་རྒྱས་འབྱུང་བ་འདི་ལྟ་བུ་འདི་མ་འཚལ་ན་བཅོམ་ལྡན་འདས་དེ་དག་ལ་སངས་རྒྱས་འབྱུང་བ་ལྟ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
iiif viewer powered by OpenSeadragon
116b - 117b