| | e-texts navigator
|
257a1 པོ་བིདྱ་ཀ་ར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་དེ་ཝ་ཙན་ཏྲ་ས་ཞུས་ཏེ་གཏན་ལ་ཕབ་པ།། @རྒྱ་གར
257a2 སྐད་དུ། བུད་དྷ་ཨ་ནུ་སྠི་ཏི་ས་མ་དྷི་ས་མུ་དྲ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ
257a3 པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ།། འདི་དག་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་སེར་སྐྱའི་གནས
257a4 ཤིང་ནྱ་གྲོ་ཏའི་གཞལ་མེད་ཁང་ན་བཞུགས་སོ།། དེའི་ཚེ་ཤཱཀྱ་མིང་ཆེན་ཞེས་བྱ་བས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ཏེ། དབྱར་ཟླ་གསུམ་མཆོད་པ་བྱས
257a5 སོ། ཚུལ་ནས་བྱུང་ནས། དེའི་ཚེ་ཡབ་ཟས་གཙང་མ་དང་། གོའུ་ཏ་མི་འཁོར་དང་བཅས་ཏེ། དགེ་འདུན་གྱི་གནས་ཁང་དུ་ལྷགས་ནས་སངས་རྒྱས་ཀྱི་དགེ་སློང་གི་དགེ་འང
257a6 རྣམས་ལ་མཆོད་ཅིང་ཕྱག་འཚལ་ཏེ། ཚེམས་ཤིང་དང་སྲན་ཆེ་ཕུལ་ནས་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་བཅོམ་ལྡན་འདས་གང་ན་ཞུགས་པར་འགྲོ་ན་རུང་ངམ་ཞེས་གསོ
257a7 བ་དང་། དེ་ནས་དགའ་བོས་དེ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རྒྱལ་པོ་ཡབ་འདིར་བྱིན་ན
iiif viewer powered by OpenSeadragon
256b - 257b