| | e-texts navigator
|
256b1 བསྐལ་པ་བྱེ་བ་སྟོང་རྣམས་སུ།། སྔོན་ཆད་སྡིག་པ་ཅི་བསགས་པ།། མི་དག་ཐམས་ཅད་བཤགས་པར་བྱ།། དེ་ཡིས་ལུས་ངག་ཡིད་ཀྱི་ལས། མི་དགེ་གང་དག་བྱས་གྱུར་ན།
256b2 མཚན་རྣམས་གཟུང་ནས་དེའི་འོག་ཏུ།། ཉེས་བྱས་དག་ཀྱང་བཤགས་པར་བྱ།། ཡན་ལག་ལྔ་ཡི་གཏུགས་ནས་ནི།། རྒྱལ་རྣམས་བྱང་ཆུབ་སྔོན་རོལ་དུ།། དུས་གསུམ་དགེ་བ་ཅི
256b3 བསགས་པ།། དེ་ཀུན་རྗེས་སུ་ཡི་རང་བྱ།། འཇིག་རྟེན་རྩ་ལག་རྣམས་ཀྱིས་ནི།། བྱང་ཆུབ་བརྙེས་ནས་ཆོས་གསུངས་དང་། ལུས་ཅན་གང་དག་འཇིག་རྟེན་གྱི།། མགོན་པོ་རྣམས
256b4 ལ་མཆོད་བྱེད་པ།། དེ་ལ་རྒྱལ་བའི་སྲས་རྣམས་ཀྱིས།། ཉིན་མཚན་དུས་གསུམ་ཡི་རང་བྱ།། དེས་ན་བདག་གཞན་དོན་བྱེད་པའི།། ཕ་རོལ་ཕྱིན་པ་རྫོགས་པར་འགྱུར།། བཅོམ
256b5 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་དང་བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང
256b6 ལྷ་དང་མི་དང་། ལྔ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ། མངོན་པར་བསྟོད་དོ།། འཕགས་པ་རིན་ཆེན་ཟླ་བས་ཞུས
256b7 པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བཻ་ཤུདྡྷ་སིང་ཧ་དང་ལོ་ཙ་བ་བན་དྷ་དགེ་པ་དཔལ་གྱིས་བསྒྱུར་རྒྱ་གར་གྱི་མ་ལ།
iiif viewer powered by OpenSeadragon
256a - 257a