e-texts navigator
Collection
Volume
Page
Wylie

255b1 སོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་གིས་རྣ་ལམ་དུ་གྲག་པར་འགྱུར་བ་དེ་དག་ནི་བདུད་སྡིག་ཅན་གྱི་དབང་དུ་མཆི་བར་འགྱུར་ལགས
255b2 སོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་ཚིགས་སུ་བཅད་པས་གསོལ་པ། ཕུང་པོ་མེད་པ་བཅོམ་ལྡན་འདས།
255b3 ཁྱོད་ཀྱི་ལེགས་གསུངས་དཔག་ཏུ་མེད།། བདག་དང་ལྷར་བཅས་འཇིག་རྟེན་རྣམས། ཁྱོད་ཀྱི་འདི་ལ་ཡི་རང་ངོ་།། འཇིག་རྟེན་མགོན་པོ་འདས་པ་དང་།། གང་དག་ད་དུང་མ་བྱོན་དང་།
255b4 ཕྱོགས་རྣམས་མ་ལུས་གང་བཞུགས་པའི།། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། སངས་རྒྱས་ཀུན་གྱི་ཡུལ་གཅིག་པ། ཆོས་དང་དགེ་འདུན་ཞི་བའི་མཆོག། ཡོན་ཏན་ལག་པ
255b5 བསམ་མི་ཁྱབ།། དགེ་འདུན་ལ་ཡང་སྐྱབས་སུ་མཆི།། བྱང་ཆུབ་སེམས་དཔའ་འཇིགས་མེད་པ།། གང་དག་བཟོད་ལ་རབ་གནས་ཤིང་།། གང་དག་གཟུངས་ལ་གནས་པ་དང་།
255b6 གང་དག་མཚུངས་མེད་སྟོང་ཉིད་ཚུལ།། མཚན་ཉིད་ཀྱི་ནི་མདོ་སྡེ་དང་། བྱང་ཆུབ་རྒྱུར་འགྱུར་སྔ་སྣོད་དང་།། འཐུན་པར་འཇུག་པའི་མདོ་སྡེ་ལ།། ལེགས་བསླབས་བྱང་ཆུབ་སེམས
255b7 རྣམས་ལྟར། ཐུབ་པ་བདག་ནི་བྱང་ཆུབ་ཀྱི།། སྤྱོད་པ་སྤྱོད་ཅིང་སློབ་པར་འཚལ།། རང་བྱུང་དེ་དག་ཇི་བཞིན་དུ།། ཞིང་གི་བཀོད་པ་རྣམ་དག་དང་། སྤྱོད་དང་སྤྱོད་ཡུལ་ཏིང་ངེ




iiif viewer powered by OpenSeadragon

255a - 256a

Texts on this page

Ty032-010 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo