e-texts navigator
Collection
Volume
Page
Wylie

255a1 རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་མཚན་འདི་རྣམས་དང་། སྐུ་ཚེའི་ཚད་འདི་རྣམས་ཐོས་ན་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྤོང་བར་མི་བྱེད
255a2 སྨོད་པར་མི་བྱེད་དེ། མོས་པར་བྱེད་ཅིང་འཐུན་པར་བྱེད་ན། བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བསོད་ནམས་ཀྱི་ཕུང་པོའི་དེའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་དཔེའི་བར་དུ
255a3 ཡང་མི་བཟོད་དོ།། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་བུ་དབང་པོ་དང་། དབང་ཕྱུ།
255a4 ཆེན་པོ་དང་། དཔལ་ལྡན་ལེགས་དང་དགའ་ལྡན་དང་། ལྔའི་བུ་ཡོངས་སུ་དགའ་ལྡན་གྱིས་འདི་ལྟ་བུ་ཆོས་ཀྱི་རྣམ་གྲངས་འདི་དང་། དེ་བཞིམ་གཤེགས་པ་བཅུ་པོ་དེ་རྣམས་ལ་མཆོད
255a5 པ་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་དང་ཙན་དན་གྱི་བྱ་མས་གཏོར། མངོན་པར་གཏོར། རབ་ཏུ་གཏོར་ཏོ།། ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། བཅོམ
255a6 ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། རྗོད་པར་བགྱིད་པ་དེ་དག་ནི་ཕྱག་བགྱི་བའི་འོད་ལགས
255a7 སོ།། བཅོམ་ལྡན་འདས་ཟ་ན་ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་སུག་པ་ན་མཆིས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ལསྲ།




iiif viewer powered by OpenSeadragon

254b - 255b

Texts on this page

Ty032-010 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo