| | e-texts navigator
|
253b1 དང་འདུ་བྱེད་དང་། རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་སྟོན་ཏོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཡང་རུ་དེའི་མཚན་ཐོས་ནུ་བླ་ན་མེད་པ་ཡང་དག་པར
253b2 རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཆོས་རིན་པོ་ཆ་བླ་ན་མེད་པ་ཡང་ཐོབ་པར་འགྱུར་རོ།། གཞོན་ནུ་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་རུང་དེ་བརྗིན
253b3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་དང་ཏིང
253b4 ངེ་འཛིན་དང་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་གི་མཚན་ཐོས་ན། བླ་ན་མེད་པ་ཡང
253b5 དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པས་ཀྱང་ཆེས་གྲངས་མེད་པ་ཡུན་རིང་པོ་ཚད་མེད་པ
253b6 འདས་པ་དེའི་ཚེ། རིན་ཆེན་འབྱུང་ཞེས་བྱ་བའི་བསྐལ་པ་ཞིག་བྱུང་སྟེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ནབས་སུ་ལྡན་པ
253b7 བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱ་མཚོའི་དཔལ
iiif viewer powered by OpenSeadragon
253a - 254a