e-texts navigator
Collection
Volume
Page
Wylie

253a1 པ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དྭགས་དང་། ལྷ་མ་ཡིན་གྱི་ཚོགས་རྣམས་མེད་པ་རྩཝ་དང་། ཤིང་སྐམ་དང
253a2 ཚེར་མ་དང། རྡོ་དང་། གསྔག་མ་དང་། གྱོ་མོ་དག་མེད་པ། ངམ་གྲོག་དང་། གཡང་ས་མེད་པ་མེ་ཏོག་སིལ་མ་དག་བཀྲམ་པ་ཡིན་ཏེ། ད་ན་དེ་བཞིན་གཤེགས་པ་དགྲ
253a3 བཅོམ་པ་ཡང་དྲག་པར་རྫོགས་པའི་སངས་རྒྱས་ནོར་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་། བྱང་ཆུབ་སེམས་དཔས་མདུན་གྱིས
253a4 བལྟས་པ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ།
253a5 སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་བརྒྱན་པའི་སྐུ་གསར་ལེགས་པར་བཙོས་ཤིང་ལེགས་པར་དུལ་བ་ལྟ་བུ་རིན་པོ་ཆེའི་རྒྱན་ལེགས་པར་བཀོད
253a6 པ་བཞིན་དུ་འཁོར་གྱི་ནང་ན་མཛེས་པར་བཞུགས་ཤིང་ཐོག་མར་དགེ་བ་བར་དུ་དགེ་རེ་ཐ་མར་དགེ་བའི་ཆོས་སྟོན་ཏོ།། འདི་སྐད་ཅེས་ཀྱང་སྟོན་ཏེ། འདི་ལྟར་སའི་ཁམས་མེད
253a7 པར་མི་འགྱུར་རོ།། དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། སྐྱེ་དགུའི་བདག་པོ་ཚངས་པ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས




iiif viewer powered by OpenSeadragon

252b - 253b

Texts on this page

Ty032-010 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo