e-texts navigator
Collection
Volume
Page
Wylie

154b1 གཞོན་ནུར་གྱུར་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དཀོན་མཆོག་ཏལ་ལ་ཞེས་བགྱི་བའི་བཟུངས་བཤད་དུ་གསོལ་ཅོ་བ་རྫུན
154b2 འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འདི་ལ་དྲིས་ཤིག་དང་འདིས་ཁྱེད་ལ་སྟོན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྐྱེས
154b3 བུ་དམ་པ་འདིན་ཡེ་ཤེས་ཀྱི་ཚོགས་ལ་གནས་པའོ།། འཇམ་དཔལ་གྱིས་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པས་བདག་ལ་དགོངས་ན་། བདག་གིས་སྐྱེས་བུང་མ་པ་འདི་ལ་དྲི་བར་བགྱིའོ།།
154b4 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཏིང་ངེ་འཛིན་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་པ་ཡིན་ན། དེ་བཞིན་གཤེགས་པ་ལ་གསོལ་བ་གད་བ་ཅི་དགོས་རིགས་ཀྱི་བུ་ཁྱོད་ནི
154b5 སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྐལ་བ་དང་ལྡན་པ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་ཆོས་གང་དག་ཀུན་ཏུ་བསྟན་པ་དང་། བསྒོམས
154b6 པ་དང་མང་དུ་བགྱིས་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུར་རིགས་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་རིགས་ཀྱི་བུ་ལེགས་སོ
154b7 ལེགས་སོ།། ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་ཏེ། འོན་ཀྱང་འཇམ་དཔལ་ང་ཁྱོད་ལ་གསོལ་བ་འདེབས་ཀྱིས་ཁྱོད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་དྲིས




iiif viewer powered by OpenSeadragon

154a - 155a

Texts on this page

Ty032-008 - 'phags pa dkon mchog ta la la'i gzungs zhes bya ba theg pa chen po'i mdo