| | e-texts navigator
|
153b1 སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ་བཅོམ་ལྡན་པ་ངས་བྱང་ཆུབ་ལ་རྣམ་པ་དུ་མཆིས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་ད་རིགས་ཀྱི་བུ་བྱང་ཆུབ་ཀྱི་རྣམ་པ་ནི་ཆེད་མེད།
153b2 དེདེ་ནི་ཚད་དང་ལྡན་པར་བསྟན་པར་མི་ནུས་སོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བདང་པོས་གསོལ་པ། བཅོམ་ལྡན་འདས་ཅི་ལགསཆོས་ཀྱི་དབྱིངས་རྣམ་པར་རྟོག་པར་བགྱིང་ངམ
153b3 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་རྣམ་པར་མི་རྟོག་གོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི
153b4 དབྱིངས་རྣམ་པར་མི་རྟོག་པ་ལགས་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཅིའི་སླད་དུ་རྟོག་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི
153b5 རྟོག་པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་ལས་བྱུང་བའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས
153b6 བྱང་ཆུབ་འདི་ནི་ཟབ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུང་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ།། རིགས་ཀྱི་བུ་གཞན་ཡང་ཆོས་ཐམས་ཅད་སྤྲོས
153b7 པ་མེད་པ་ནི་བྱང་ཆུབ་ཅེས་བྱའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས
iiif viewer powered by OpenSeadragon
153a - 154a