| | e-texts navigator
|
152b1 པོ་མོ་ལེན་མི་འདོར་བ་དང་བྱང་ཆུབ་སེམས་པའི་སེམས་དཔའ་ཆེ་མོ་པོ་ཙན་དམ་གྱི་མོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོ་གྲོས་རྒྱ་མཚོ་དང་བྱང་ཆུབ་སེམས་དཔའ་སེམས་དཔ
152b2 ཆེན་པོ་འབྱུང་དཀའ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱུང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ས
152b3 དཔའ་ཆེན་པོ་སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མགྱོགས་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་དག་ལ་སོགས་པ
152b4 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་ངེས་པར་བྱུང་བ་དབྱངས་སྒྲ་ཐོགས་པ་མེད་པ
152b5 སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཟིལ་གྱིས་གནོན་པ་ལ་མཁས་པ་མི་འཇིགས་པ་ལ་གནས་པ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བ། ཡིད་དུ་འོང་བའི་དབྱངས
152b6 དང་ལྡན་པ་ཁམས་གསུམ་ལ་མ་ཆགས་པ་གཡོག་འཁོར་མི་ཕྱེད་པ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་ལས་ངེས་པར་སྐྱེས་པ་ཏིང་ངེ་འཛིན་དང་སྙོམས་པར་འཇུག
152b7 པ་ཚ་དེ་མང་པ་དང་ལྡན་པ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་ཁོང་དུ་ཆུད་པ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དོན་ཡོད་པ་ལ་མོས་པ
iiif viewer powered by OpenSeadragon
152a - 153a