| | e-texts navigator
|
130a1 བརྒྱ་དང་ལྡན་པ་དང་། ལྷའི་ན་བཟའ་ཕུལ་ཏེ། སྦྱིན་པ་དེ་ལྟ་བུ་བསྐལ་པ་རྒྱ་མཚོ་ག་དྷའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་སྙེད་ཀྱི་བར་དུ་ཕུལ་ལ། བྱང་ཆུབ་སེམས
130a2 དཔའ་གཞན་ཞིག་གི་ས་ནི། བྱང་ཆུབ་སེམས་དཔའ་ལ་དམིགས་པ་གང་ཡང་རུང་བ་ཞིག་གིས། བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདུག་པ་ལས་དམིགས་པ་འམ། མར་མེ་ལས་དམིགས་འམ། མེ།
130a3 ཏོག་ལས་དམིགས་པའམ། སྤོས་ལས་དམིགས་པའམ། གཞན་གང་ཡང་རུང་བ་ཞིག་ལས་དམིགས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ན། འདི་ནི་དེ་བས་ཆེས་གྲངས་མེད་པར་གསོད་ནམས
130a4 འཕེལ་བར་འགྱུར་ན། གཞན་སྐྱེད་དུ་འཇུག་པ་གང་ཡིན་པ་དག་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་པར་འགྱུར་རོ།། སྔ་མ་དེས་ནི་བསོད་ནམས་མངོན་པར་འདུ་བྱེད་པ
130a5 འདི་རྒྱའི་ཆར་ཡང་མི་ཕོད། སྟོང་གོ་ཆར་ཡང་མི་པོད། འབུམ་གྱི་ཆེར་ཡང་མི་པོ་ད། བྱེ་བའི་ཆར་ཡང་མི་འོད། བྱེ་བ་རྒྱའི་ཆར་ཡང་མོ་ཕོད། བྱེ་བ་སྟོང་གོ་ཆར་ཡང་མི་ཕོད། བྱེ་བ་འབུམ་གྱི་ཆར་ཡང་མི
130a6 ཕོད་དེ། དཔེ་དང་རྒྱུར་ཡང་མི་བཟོད་དོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། བྱང་ཆུབ་སེམས་དཔའ་གཞན་ཞོག་ནི་སྟོང
130a7 མཐིང་ལ་མོས་པར་གྱུར་ན། འདི་ནི་དེ་བས་ཆེས་གྲངས་མེད་པར་གསོད་ནམས་འཕེལ་བར་འགྱུར་ན། གཞན་མོས་པ་སྐྱེད་དུ་འཇུག་པ་གང་ཡིན་པ་དག་ལྟ་ཅི་སྨོས་ཏེ། འདི་ནི་དེབས་བསོད་ནམས་ཆེས
iiif viewer powered by OpenSeadragon
129b - 130b