e-texts navigator
Collection
Volume
Page
Wylie

128b1 དེ་ཅིའི་ཕྱིར་ཞེ་ན། སྐུ་དང་ཡེ་ཤེས་ཆགས་པ་མེད་པ་བརྙེས་པའི་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་གང་དག་ཆོས
128b2 ཀྱི་རྣམ་གྲངས་འདི་ཐོས་ནས། མོས་པར་བྱེད་ཅིང་འཆང་བ་དང་། ཀློག་པ་དང་། འདོན་པ་དང་། འདོན་ཏུ་འཇུག་པ་དང་། མར་མེ་དང་། གདུགས་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ
128b3 དང་། རྩེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་མཆོད་པ་དེ་དག་གི་བསོད་ནམས་ཇི་སྙེད་ཅིག་འཕེལ་བར་འགྱུར་ཞིག་གུ་སྙམ་མོ།
128b4 དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་འཇིག་རྟེན
128b5 གྱི་ཁམས་རྒྱ་མཚོ་གདྷཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཟག་བྱེ་བ་ཁྲག་ཁྲོག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་ལྟ་ཤིན་ཏུ་ཉུང་གི་། དེ་བས
128b6 ཆེས་མང་བའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་དག་གི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ། བསྐལ་པ་དཔག་ཏུ་མེང་གྲངས་མེད་པའི་བར་དུ་བསྐྱེད་པ་ཡང་། ཆོས་ཀྱི་རྣམ་གྲངས་འདི་ལ་མོས
128b7 པའི་བྱང་ཆུབ་སེམས་དཔས་ཐ་ན་དུད་འགྲོའོ་སྐྱེ་ནས་སུ་གྱུར་པ་ལ་ཟན་ཆང་གཅིག་ཙམ་ཡོངས་སུ་བཏང་བས་བྱང་ཆུབ་སེམས་དཔའ་དེ་དག་གི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས




iiif viewer powered by OpenSeadragon

128a - 129a

Texts on this page

Ty032-006 - 'phags pa sprin chen po'i mdo las phyogs bcu'i byang chub sems dpa' rgya mtsho 'dus pa'i dga' ston chen po la rtse ba zhes bya ba'i le'u