e-texts navigator
Collection
Volume
Page
Wylie

365a1 པའི་ཚོར་བའི་ཡང་ཉེ་བར་ལེན་པར་འབྱུང་བར་འདོད་པར་བྱའོ།། ཡང་དེ་འདི་སྐད་ཅེས་ང་ནི་ཞི་བའོ།། ང་ནི་མྱ་ངན་ལས་འདས་པའོ།། ང་ནི་སྲེད་པ་མེད་པའོ།། ང་ནི་ཉེ་བར་ལེན་པ
365a2 མེད་པ་སྟེ། ངལ་སྔོན་བདག་ཡོད་པར་གྱུར་པ་དེ་ནི་དེ་ལྟར་ང་ལ་མེད་དོ་ཞེས་ཟེར་པོ་དེ་ཡང་དེ་ལ་ཉེ་བར་ལེན་པ་ཡོད་པ་ཁོ་ནར་སྣང་སྟེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ།
365a3 རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས
365a4 ཕྱིར་ལྡོག་ཅིང་། དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་ཏེ། དགེ་སློང་དག་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བར་སྨྲ་བ་དག། ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བར་མངོན།།
365a5 པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་ནི་དེ་སྙེད་ཡོད་དོ།། དགེ་སློང་དག་གཞན་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ངས་རང་གིས་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ།།
365a6 བཤད་པ་གོ་འཕང་དམ་པ་གཞན་ཡང་ཡོད་དོ།། དགེ་སློང་དག་གཞནསྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ།
365a7 བཤད་པཔོ་འཕང་དམ་པ་གནན་ཡང་དེ་གང་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། ཟབ་པ་རྣམས་ཟད་པས་ཟབ་པ་མེད་ཅིང་། མངོན་པར་འདུས་མ་བྱས་པའི་རྣམ་པར་གྲོལ་བ་སྟེ། དགེ་སློང་དག་དེ་ནི་སྐྱེས་བུ




iiif viewer powered by OpenSeadragon

364b - 365b

Texts on this page

Ty031-008 - mdo chen po lnga gsum pa zhes bya ba