e-texts navigator
Collection
Volume
Page
Wylie

362b1 མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། 8
362b2 ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། ཟང་ཟིང་མེད་པོའི་བདེ་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་ཇི་ལྟ
362b3 བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། དགེ་སློང་དག་ཟང་ཟིང་མེད་པའི་བདེ་བ་དེ་ཡང་མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ཏེ། ཟང་ཟིང་མེད་པའི་བདེ་བ་འགགས་པ་ལས་སྡུག་བསྔལ་འབྱུང་བར
362b4 འགྱུར་ལ། སྡུག་བསྔལ་འཕགས་པ་ལས་ཀྱང་དྲང་ཟིང་མེད་པའི་བདེ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན། འོད་པའི་ཆུ་ནི་ལན་འགའ་འབྲི་ཞིང་། ལན་འགའ་སྐྱེ་བར་འགྱུར།
362b5 རོ།། དེ་བཞིན་དུ་ཟང་ཟིང་མེད་པའི་བདེ་བ་འཕགས་པ་ལས་ཀྱང་སྡུག་བསྔལ་འབྱུང་བར་འགྱུར་ལ། སྡུག་བསྔལ་འགགས་པ་ལས་ཀྱང་ཟང་ཟིང་མེད་པའི་བདེ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག
362b6 དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་སྤྱོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་རོ།། དེ་བཞི་དག
362b7 བས་དེ་ལོང་བར་ཐུགས་སུ་ཆུད་ནས། དེ་ལས་ཕྱིར་ལྡོག་ཅིང་། དེ་ལ་ནི་བང་གཟིགས་ངེས་པར་འབྱུང་བ་གཟིགས་ཤིང་བཞུགས་སོ།། དགེ་སློང་དག་གཞན་ཡང་འདིན་དགེ་སྦྱོང་ངམ། ཟ




iiif viewer powered by OpenSeadragon

362a - 363a

Texts on this page

Ty031-008 - mdo chen po lnga gsum pa zhes bya ba