e-texts navigator
Collection
Volume
Page
Wylie

362a1 འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ལ་ལ་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས།།
362a2 ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ལ།
362a3 དེ་འདི་སྙམ་དུ་སེམས་ཏེ། འོད་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤས་ནས། ཚེ་འདི་ཉིད་ལ
362a4 འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ
362a5 སྟེ། ཟང་ཟིང་མེད་པའི་བདེ་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་སོ།། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ། བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤང།
362a6 ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོང་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་།
362a7 ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ལ། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི




iiif viewer powered by OpenSeadragon

361b - 362b

Texts on this page

Ty031-008 - mdo chen po lnga gsum pa zhes bya ba