| | e-texts navigator
|
354b1 གནས་སུ་མེད་པ་མི་གཡོ་བ་དེ་ནི་མཆོག་ཡིན་ཞིང་། དེ་ནི་བླ་ན་མེད་པ་ཡིན་ནོ།། དགེ་སློང་དག་དེ་ནི་རགས་པ་འདུས་བྱས་པ། བསམ་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདྲ
354b2 བྱེད་རྣམས་ཀྱིས་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས་ཕྱིར་མི་ལྡོག་ཅིང་། དེ་ལ་ཞི་བར་གཟིགས་ངེས་པར་འབྱུང་བར་གཟིགས་ཤིང
354b3 བཞུགས་སོ།། དགེ་སློང་དག་དེ་ལ་དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པ་དེ
354b4 དག་ནི། དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཕན་ཆེད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ།
354b5 བར་བྱེད། སྨོད་པར་བྱེད་ཅིང་། དེ་དག་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ནི་ནད་དོ།། འདུ་ཤེས་ནི་འབྲས་སོ།། འདུ་ཤེས་ནི་ཟུག་རྔུའོ།། འདི་ལྟ་སྟེ། འདུ་ཤེས་མེད་པ་འདི་ནི་ཞི་བའོ།། འདི་ནི་བྱ
354b6 ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ
354b7 མངོན་པར་བརྗོད་པར་བྱེད་པ་དེ་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད།
iiif viewer powered by OpenSeadragon
354a - 355a