| | e-texts navigator
|
342b1 བཀའ་སྩལ་ཏོ།། ལུས་ནི་མི་གཙང་ལས་བྱུང་སྟེ།། རྟག་ཏུ་སྲོག་ཆགས་རྣམས་ཀྱང་གནས།། བཅིན་དང་རྟུག་པས་རབ་གང་ན།། དེ་ལ་བྱིས་པ་རབ་ཏུ་ཆགས།། དགེ་སློང་ཕ་དང་དགེ་སློང་མ།།
342b2 དགེ་བསྙེན་པ་དང་དགེ་བསྙེན་མ།། འདི་ཐོས་ནས་ནི་འདོད་ཆགས་འབྲལ།། འདོད་ཆགས་བྲལ་ནས་རྣམ་པར་གྲོལ།། ཆོས་དང་ལྡན་པ་རྣམས་ལ་ནི།། ཉེས་པ་འདི་དག་ངས་མ་བསྟན།། གང་དག་འདོད་ལ
342b3 ཡོངས་སྤྱོད་པ།། དེ་དག་ལ་ནི་སྐྱོན་རྣམས་བཤད།། སངས་རྒྱས་ཀྱིས་ནི་བསྟན་པ་བཞིན།། བུད་མེད་མཐོང་ན་སུ་རྟོག་སྟེ།། ཡང་དག་བསྐུལ་བ་ཤེས་ནས་སུ།། མཁས་པ་དེ་དག་རྟོག་མི་བྱེད།།
342b4 བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པལ
342b5 མངོན་པར་བསྟོད་དོ།། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པྲད་ཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན
342b6 དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། བཀའ་འཁོར་ལོ་དང་པོར་གཏོགས་པའོ།། ཆུ་གང་སྐད་དུ།
342b7 རྣམས་སུ་དྲན་ནཱ་མ་མ་ཧཱ་ཡཱར་སྲུ་ཧཱ། བང་གང་དུ། ཟག་པ་ཆེན་པའི་མད་ཚས་རྒྱབ་མོ་ཞེས་བྱ་བའོ།། འདི་སྐང་བདག་གིས་ཟས་པ་དུས་གཅིགམ། བཅོམ་ལྡན་འདས་རྒྱ་བཚོའི་ཐང་དྲི་ཛམ།
iiif viewer powered by OpenSeadragon
342a - 343a