| | e-texts navigator
|
340b1 ན་ཁྱི་རོ་མི་གཙང་བ་རུལ་པ་དྲིང་བ། མདོག་མི་སྡུག་ཅིང་སྔོ་ལ། པགས་པ་མུགས་པ། སྲོག་ཆགས་ཀྱིས་ཡོངས་སུ་གང་བ་ཞིག་ལམ་ཀན་སྣང་ལ། དེའི་སྤྱང་དུ་ཆར་པ་ཡང་དབ་ཅིང་།།
340b2 དེ་རླུང་གིས་ཀྱང་ཀུན་ནས་བཏབ། དེར་མི་རྣམས་ཀྱང་ཀུན་ནས་འཁོར་བར་གྱུར་ཏེ་དེ་དག་གིས་དྲི་དེ་ཚེར་ན་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས་མེ་དེ་དག་དྲི་མི་ཞིམ་པ་དེ་སྡོམ་པར་བྱེད་དམ།
340b3 འོན་ཏེ་མི་སློབ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས
340b4 བཀའ་སྩལ་ཏོ།། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཁྱི་རོ་དེ་ལ་རེག་པར་བྱེད་དམ། སྤྱོད་པར་བྱེད་དམ། མངོན་པར་དགའ་བར་བྱེད་ན། དེ་སྐྱེ་བོ་མང་པོས་བསྔགས་པར་བྱེད་པ་ཡིན་ནམ།།
340b5 དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མོ་དེ་ནི་ལྟ་བར་དཀའ་སྟེ། དེ་ལ་བསྔགས་པར་ག་ལ་བགྱིད།
340b6 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་ཁྱི་རོ་དེ་ལ་འཁྱུད་པར་བྱེད་པ་འམ། སྐྱོད་པར
340b7 བྱེད་པའམ། མངོན་པར་དགའ་བའི་མི་དེ་ལ་ནི། དེ་བཞིན་གཤེགས་པ་བསྔགས་པ་མཛད་ཀྱི། གང་ཞིག་བུད་མེད་ཡུལ་གྱི་བཟང་མོ་ནཆོད་ལོ་བཅུ་དྲུག་ལེན་པ་འམ། ལྷག་པ་ལྟ་བུ
iiif viewer powered by OpenSeadragon
340a - 341a