| | e-texts navigator
|
340a1 རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། བདག་ནི་ཉན་ཐོས་རྣམས་ཀྱི་ཡོངས་སུ་སྤངས་པ་དང་། བདག་ནི་ལྷ་རྣམས་ཀྱི་ཡོངས་སུ་སྤངས་པའོ་སྙམ་པ་དང་། འཆི་བའི་ཚེ
340a2 འཇིགས་པ་དང་བཅས་པ་དང་། ངན་འགྲོར་འགྲོ་བ་དང་། མིའི་ལུས་ཐོབ་པར་དཀའ་བའོ།། ཤཱ་རིའི་བུ་དེ་དག་ནི་དགེ་སློང་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་སྟེ།
340a3 ཚུལ་ཁྲིམས་འཆལ་པ་ནི་འཆི་བའི་དུས་ཀྱི་ཚེ། གདུང་བ་འབྱུང་བར་འགྱུར་རོ།། ཤཱ་རིའི་བུ་དེ་ལྟ་བས་ན། འདོད་པ་རྣམས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ།། ཤཱ་རིའི་བུ་འདི
340a4 ལ་དགེ་སློང་དགོན་པ་ན་གནས་པ་འམ། ཤིང་དྲུང་ནི་གནས་པ་འམ། ཁང་སྐྱོང་ན་གནས་པ་འམ། བླ་གབ་མེད་པ་ན་གནས་པའི་འདོད་པ་རྣམས་ནི་དྲི་ང་བའོ།། འདོད་པ་རྣམས་ནི་མི
340a5 མཐུན་པའོ།། འདོད་པ་རྣམས་ནི་རྨ་ཁ་ལྟ་བུའོ།། འདོད་པ་རྣམས་ནི་ལྟ་བར་མི་འོས་པའོ།། འདོད་པ་རྣམས་ནི་སྨད་པར་བྱ་བའོ།། འདོད་པ་རྣམས་ནི་བཤད་པས་ཡོངས་སུ་གང་བའི་རོ་ལྷ
340a6 བུའོ་ཞེས་དེ་ལྟར་སོ་སོ་ཡང་དག་པར་སློབ་བོ།། དེ་དག་ནི་བྱིས་པ་འཕྱར་བའི་སྤྱོད་ཡུལ་ཡིན་ཏེ། ཤཱ་རིའི་བུ་བུད་མེད་ལ་བསྙེན་པ་དང་བསྙེན་པས་ཆོག་གོ། ཤཱ་རིའི་བུ་བུད་མེད་ཀྱི
340a7 ལུས་ཕྱི་ས་དང་། འཆིལ་མས་ཡོངས་སུ་གང་བ་དེ་ལ་སུ་ཞིག་དགའ་སྟེ། ཤཱ་རིའི་བུ་དེ་དག་ནི་འཇིག་རྟེན་གྱི་ཁྱི་རོ་རུལ་པ་དང་འདྲ་བར་སྨད་པར་བྱ་བ་ཡིན་ནོ།། ཤཱ་རིའི་བུ་འདི་ལྟ་སྟེད་པར
iiif viewer powered by OpenSeadragon
339b - 340b