e-texts navigator
Collection
Volume
Page
Wylie

337a1 འཛག་པར་འདུ་ཤེས་སྐྱེད་པར་བྱེད་དོ།། འདི་དག་ཐམས་ཅད་ནི་བྱ་བ་མ་ཡིན་པ་སྟེ། དེ་དག་ནི་སྐྱེས་བུ་དབ་པའི་ལས་རྣམས་མ་ཡིན་ནོ།། ཤཱ་རིའི་བུ་དགེ་སྦྱོང་ངམ།
337a2 བྲམ་ཟེ་གང་ལ་ལ་དག་འདོད་པའི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དེ་དག་ནི། བུད་མེད་ལ་ཀུན་ཏུ་སྒྲོག་ཅིང་མིག་ལ་མཚན་མར་འཛིན་པར་བྱེད་དེ་བཻ་ཌཱུཪྻ་ལྟ་བུའི་འདུ་ཤེས
337a3 སུ་བྱེད་ལ། ཆུའི་དབུ་བ་ལྟ་བུའི་འདུ་ཤེས་སུ་མི་བྱེད་དོ།། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་བོང་མོ་འབྲངས་པ་དང་། ཕག་མོ་འབྲངས་པ་ནི་འབྲངས་པས་ལུས་སྟོང་པར་འགྱུར་ཞིང་། ལུས་ལས
337a4 ཤ་མ་མི་གཙང་བ་བཙོག་པ་བལྟ་བར་བྱ་བ་མ་ཡིན་པ་འབྱུང་ངོ་།། ཤཱ་རིའི་བུ་མིག་ཀྱང་དེ་དང་འདྲ་བར་བརྗོད་དེ། འདི་ལྟ་སྟེ་དཔེར་ན། བོང་མོའི་ཤ་མ་འམ། ཕག་མོ་འམ། ཁྱི་མོའི་ཤ་མ་དང
337a5 འདྲ་བར་མིག་ཀྱང་དེ་བཞིན་དུ་འདུག་སྟེ། མིག་གི་འབྲས་བུའི་ནང་དེ་ན་ཆུའི་ཆུ་བུར་ལྟ་བུར་འདུག་གོ།། དེ་ལྟར་མི་གཙང་བ་འབྱུང་ཞིང་དེ་ལྟར་མི་མཐུན་པ་སྟེ། རྣག་དང་ཁྲག་རབ་ཏུ་འཛག་ཅིང་མི་གཙ
337a6 བ་རབ་ཏུ་འཛག་གོ།། ཤཱ་རིའི་བུ་མི་གཙང་བ་རྨ་དང་ཁྲག་རབ་ཏུ་འཛག་ཅིང་། ཆུའི་སྙིང་པོ་འཛག་པའི་ལུས་ལ་ཆགས་པ་གང་ཡིན་པ་དེ་ལྟ་བུ་ནི་མིག་ཅེས་བརྗོད་དོ།། ཤཱ་རིའི་བུ་འདི་ལ་རྒྱུ་གང་གིས
337a7 མིག་ཅེས་བྱ་བ་དེའི་རྒྱུནི་གང་། རྐྱེན་ནི་གང་ཞེ་ན། དེ་ནི་ལུས་ཀྱི་གཙོ་བོ་ཡིན་ཏེ། གཟུགས་ལ་ལྟ་བས་ཐོག་མ་དང་དབུས་དང་། མཐའ་མར་ངོམ་པ་མེད་ལ། ལུས་ཀྱིས་མི་དགེ་བ་རྒྱ་མཚོ་སྐད་བྱེད།




iiif viewer powered by OpenSeadragon

336b - 337b

Texts on this page

Ty031-004 - 'phags pa chos kyi phung po zhes bya ba theg pa chen po'i mdo