e-texts navigator
Collection
Volume
Page
Wylie

336b1 བུ་དགེ་སྦྱོང་ཤཱཀྱའི་བུ་རྣམས་ལས་གང་དག་འདོད་ཆགས་ཀྱིས་འཕྲོགས་པར་མི་འགྱུར་བའི་ཁྱད་པར་ལ་ལྟོས། དེ་ཅིའི་ཕྱིར་ཞེ་ན། འདོད་པ་རྣམས་ནི་དངོས་པོ་མེད་པར་ཤེས། འདོད་པ་རྣམས་ནི།
336b2 མི་གཙང་བར་ཤེས་ནས་དེ་དག་འདོད་པ་རྣམས་ཀྱིས་སྐྱེ་ཞིང་ཡིད་བྱུང་ལ་མངོན་པར་མི་དགའ་ནས། ཚངས་པར་སྤྱོད་པ་སྤྱོད་དེ། བཞིན་དང་དཔྲལ་བའི་མདངས་གསལ་བ་ཡིན་ནོ།། ཤཱ་རིའི་བུ
336b3 སྐྱེས་བུ་ངན་པ་རྣམས་ཀྱིས་ནི་སྐྱོ་བ་འམ་ཡིད་འབྱུང་བར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སྐྱེས་བུ་ངན་པ་དེ་དག་ནི་འདོད་པ་ལ་ཀུན་ཏུ་རྟོག་པ་རྣམས་ཀྱིས་ཀུན་ཏུ་རྟོག་པ་རྣམ
336b4 དང་ལྡན་པའི་ཕྱིར་རོ།། ཤཱ་རིའི་བུ་སྐྱེས་བུ་ངན་པ་རྣམས་ཀྱིས་ཀུན་ཏུ་རྟོག་པ་རྣམས་གང་ཞེ་ན། གང་དག་མེད་པ་ལ་རྟོག་པར་བྱེད་པ་སྟེ། མི་གཙང་བ་ལ་གཙང་བར་རྟོག་པར་བྱེད། འདུ་ཤེས་མེད་པ་ལ
336b5 འདུ་ཤེས་སུ་རྟོག་པར་བྱེད། བུད་མོད་ལ་བུད་མེད་དུ་རྟོག་པར་བྱེད། འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པར་རྟོག་པར་བྱེད་པ་སྟེ། ཤཱ་རིའི་བུ་དེ་ལྟ་བུ་དེ་དག་ནི་སྐྱེས་བུ་ངན་པ།
336b6 རྣམས་ཀྱི་ཀུན་ཏུ་རྟག་པོ་རྣམས་ཡིན་ནོ།། ཤཱ་རིའི་བུ་དེ་དག་ནི་ཟམ་དང་མ་ནིང་འདོད་པས་ཟིན་པ་རྣམས་ཀྱི་ལས་རྣམས་ཡིན་ཏེ། དེ་དག་སྐྱེས་བུ་དག་པའི་ལུས་རྣམས་རིམ་ཡིན་ནོ།། ཤཱ་རིའི་བུལ
336b7 ནང་གང་ལ་ལ་ཞིག་སྐྱེས་བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་དེ་ལྟ་བུ་དག་ལ་ཀུན་ཏུ་རྟོག་པར་བྱེད་པ་ནི། བདག་གིས་རེག་གོ་ཞེས་ཉམས་སུ་མྱོང་བར་བྱེད་དེ་བུ་ག་དབུའི་སྒོ་དང་ལྡན་པ་འདི་མི་གཙང་བ




iiif viewer powered by OpenSeadragon

336a - 337a

Texts on this page

Ty031-004 - 'phags pa chos kyi phung po zhes bya ba theg pa chen po'i mdo