| | e-texts navigator
|
336a1 པ་ལ་རྟེན་པ་ཡང་མ་ཡིན་ནོ།། ཤཱ་རིའི་བུ་དེ་དག་གིས་བུད་མེད་སྡུག་གུ་མཐོང་ནས། འདོད་ཆགས་ཀྱི་སེམས་སྐྱེས་པས། ཟ་མ་འམ་མ་ནིང་རྣམས་ལས་ཕལ་ཆེར་བྱིན་པ
336a2 ནད་ཀྱིས་བཏབ་པར་འགྱུར། བྱིན་པ་ཟག་པར་འགྱུར། བྱིན་པར་འཁར་བ་ལྟ་བུར་འགྱུར། བཞིན་དམར་པོར་འགྱུར་རོ།། ཤཱ་རིའི་བུ་འདི་ཇི་སྙབ་དུ་སེམས། ཕ་མ་འམ་མ་ནིང་གང་ཡིན་པ
336a3 ས་ལ་མ་འབྲེལ། རོའི་ལུས་ལ་མཚོན་གྱིས་མ་བཏབ་པར་ཅིའི་ཕྱིར་དེ་དག་བྱིན་པ་ན་པར་འགྱུར་སྣུམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ
336a4 རིའི་དུས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་པ་མོ་འམ་མ་ནིང་ནི་བཙུན་མོའི་འཁོར་སྲུང་བ་ལགས་ཏེ། དེ་དག་བུད་མེད་སྡུག་གུ་མཐོང་ནས། འདོད་ཆགས་ཀྱི་སེམས་སྐྱེ་ལགས་།
336a5 དེ་དག་འདོད་ཆགས་ཀྱིས་སེམས་ཀྱིས་ཉོན་མོངས་པ་ཁོལ་བར་གྱུར་ཏེ། ཉོན་མོངས་པ་ཁོལ་བ་དེ་དག་གི་ལུས་ཁུ་ཆུས་རྒྱས་པར་འགྱུར་བས། དེ་དག་འདོད་ཆགས་ཀྱིས་གདུང་བས་གདུངས་པ་ན།།
336a6 བྱིན་པ་ཤིན་ཏུ་གས་པར་འགྱུར་ལགས་ཏེ། དེ་ལྟར་དེ་དག་གི་ལུས་མ་རུང་བར་འགྱུར་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ
336a7 ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་བ་མ་འམ་མ་ནིང་ལས་གང་དག་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ནི་ཉུང་སྟེ། ཕལ་ཆེར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ།། ཤཱ་རིའི
iiif viewer powered by OpenSeadragon
335b - 336b