| | e-texts navigator
|
335b1 ཆོས་ཀྱི་ཕུང་པོ་ཞེས་བགྱི་ན་པ་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་གྱིས་ཆོས་ཀྱི་ཕུང་པོ་ཞེས་བཀའ་སྩ་ལ། ཆོས་ཀྱི་ཕུང་པོ་ཇི་ཙམ་ཞིག། ཆོས་ཀྱི་ཕུང་པོ་ནི་གང་ལག།
335b2 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ནི་བརྒྱད
335b3 ཁྲི་བ་ཞི་སྟོང་དུ་གསུངས་ཏེ། ཀཱ་རིའི་བུ་དེ་ལ་ཆོས་ཐམས་ཅད་སྐྱེ་བ་མེད་པ་འཛིན། ཆོས་ཀྱི་ཕུང་པོའི་རྗེས་སུ་འཇུག་པ་དང་པོ་ཡིན་ནོ།། ཤཱ་རིའི་བུ་ཆོས་འབའ་ཞིག་ལ་ཆོས་ན་འམ། ཆོས
335b4 གང་ཡང་སྨྲ་བ་འམ། འགག་པ་ཞེས་ང་མི་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའི་ཆོས་ཅན་དང་། འགག་པ་མེད་པའི་ཆོས་ཅན་ཡིན་པའི་ཕྱིར་རོ།།
335b5 རིའི་བུ་འདི་ལྟ་སྟེ། དཔེར་ན། མ་ནིང་ནི་སྐྱེས་པ་འམ། བུད་མེད་ཅེས་བྱ་བའི་མིང་མི་ཐོབ་ཅིང་། སྐྱེས་པའམ། བུད་མེད་ཅེས་བརྗོད་པར་བྱ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི
335b6 སྐྱེས་པ་འམ་བུད་མེད་དུ་གདགས་སུ་མང་པོའི་ཕྱིར་རོ།། ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་དེ་བཞིན་གཤེགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
335b7 མི་ཅུས་ཏོ།། དེའི་བྱེ་ས་ཀྱི་ཚོམ་རབ་ཏུ་གམས།། ཞེས་བརྗོད་པ་ངོས་རྒྱལ་པ་ཤཱ་རིའི་བུ་འདི་ལ་གྱུ་པ་ད་། མབའམ་མནི་འདོད་པའི་འདོད་གས་སྤང་བ་སངས་མིན་པ
iiif viewer powered by OpenSeadragon
335a - 336a