e-texts navigator
Collection
Volume
Page
Wylie

333a1 ཆོས་ཟབ་མོ་ལ་བཟོད་པ་འདི་ཡང་དག་པར་བཤད་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྙེད་པ་དང་། བཀུར་སྟི་ལ་གནས་པས་ནི་དམ་པའི་ཆོས་ཡོངས་སུ
333a2 འཛིན་པར་མི་ནུས་སོ།། བཅོམ་ལྡན་འདས་སེམས་ཅན་གང་དག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། འཛིན་པ་དང་འཆང་བ་དང་།
333a3 གེར་འདྲིས་པ་དང་། ཀློག་པ་དང་། བྲིས་ཏེ་གླེགས་བམ་དུ་བགྱིས་ནས་འཆང་བར་འགྱུར་བ་དེ་དག་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱི་བྱིན་གྱིས་བརླབས་སུ་རིག་པར
333a4 བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། སེམས་དེ་འདྲ་བས་དམ་པའི
333a5 ཆོས་ཡོངས་སུ་བཟུང་བར་ནུས་སོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་གང་སྙིང་རྗེ་ཆེན་པོ་དང་མ་བྲལ་བ་དེས། དམ་པའི་ཆོས་ཡོད།
333a6 སུ་འཛིན་པར་ནུས་སོ།། བདག་ནི་སྙིང་རྗེ་ཆེན་པོ་ལ་དམིགས་ནས་ཆོས་ཀྱི་རྣམ་གྲངས་འོད་བཤད་པར་བགྱིའོ།། བྱང་ཆུབ་སེམས་དཔའ་བྱབས་པས་གསོལ་པ། བཅོམ་ལྡན་འདས་བྱམས
333a7 པའི་སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་འཛིན་པར་ནུས་སོ།། དེ་ཅིའི་སླད་དུ་ཞེ་ན། གནོད་སེམས་མང་བ་ལ་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་མཆིས་སོ།། བཅོམ་ལྡན་འདས་བདག་ནི




iiif viewer powered by OpenSeadragon

332b - 333b

Texts on this page

Ty031-003 - 'phags pa chos yang dag par sdud pa zhes bya ba theg pa chen po'i mdo