e-texts navigator
Collection
Volume
Page
Wylie

331b1 ལྔའི་བུ་བཟང་སེམས་ཀྱིས་གསོལ་པ། ཇི་ལྟར་ན་ཞི་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་མི་འགྱུར་བ་རྟེན
331b2 བཞེས་བྱའོ།། ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྡར་ན། བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི་རང་གི་ཁོ་ན་ལས་པའོ།།
331b3 བྱང་ཆུབ་སེམས་དཔའ་ནི་ཇི་ལྟར་ཇི་ལྟར་ཀུན་ནས་ཉོན་མོངས་པ་ཡོངས་སུ་སྤོང་བ་དེ་ལྟ་དེ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་རྣམས་ནི་གང་ནས་ཀྱི
331b4 བླང་བ་མ་ལགས། གང་དུ་ཡང་བསྐུར་བ་མ་ལགས་སོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་ཡེ་ཤེས་རྣམ་པར་དག་པ་ནི་བྱང་ཆུབ་སྟེ། བཅོམ་ལྡན་འདས་དེ་ལྟར་བཟོད་པའི་རྗེས་སུ་ཞུགས་པ་ནི་བྱང
331b5 ཆུབ་ཀྱི་སྤྱོད་པའོ།། གང་འདི་ལྟར་ཤེས་པ་དེ་ནི་ཐམས་ཅད་མཁྱེན་པའོ།། བཅོམ་ལྡན་འདས་གང་དག་མཉམ་པ་ཉིད་འདི་ལ་ཞུགས་པ་དེ་དང་དེ་དག་ནི། བཅོམ་ལྡན་འདས་སྦྱིན་པ་ཕུན་སུམ་ཚོགས་པ
331b6 ལགས་སོ།། གང་དག་ཆོས་མཉམ་པ་ཉིད་འདི་ལ་བསྟེན་པ་དེ་དང་དེ་དག་ནི། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལགས་སོ།། གང་དག་ཆོས་མཉམ་པ་ཉིད་ལ་བཟོད་པ་དེ་དང་དེ་དག་དོན། བཟོད་པདུ།
331b7 སུམ་ཚོགས་པ་ལགས་སོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་ཐོས་པ་དང་། སེམས་པ་དང་། སྒོམ་པ་ལ་བརྩོན་པ་དང་དེ་དག་ནི། བརྩོན་འགྲུས་ཕུན་སུམ་ཚོགས་པ་ལགས་སོ།། གང་དག




iiif viewer powered by OpenSeadragon

331a - 332a

Texts on this page

Ty031-003 - 'phags pa chos yang dag par sdud pa zhes bya ba theg pa chen po'i mdo