e-texts navigator
Collection
Volume
Page
Wylie

195b1 ། ཚུལ་ཁྲིམས་ཀྱིས་མཐོ་རིས་ཐོབ་པར་འགྱུར་རོ།། བཟོད་པས་ཀུན་ཏུ་མཛེས་པར་འགྱུརརོ།། བརྩོན་འགྲུས་ཀྱིས་མངོན་པར་ཤེས་པ་མྱུར་བར་འགྱུར་རོ།། བསམ་གཏན་གྱིས་སེམས་ལས་སུ།
195b2 རུང་བར་འགྱུར་རོ།། ཤེས་རབ་ཀྱིས་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ།། ཐབས་ཀྱིས་ཐམས་ཅད་ལས་འབྱུང་བར་འགྱུར་རོ།། སྨོན་ལམ་གྱིས་ཚོགས་མེད་པར་འགྱུར
195b3 རོ།། སྟོབས་ཀྱིས་མི་ཚུགས་པར་འགྱུར་རོ།། ཡེ་ཤེས་ཀྱིས་འཇིག་རྟེན་ཐམས་ཅད་རྟོན་པར་འགྱུར་རོ།། མངོན་པར་འབྱུང་བས་འཕགས་པ་ཉིད་ཟབ་པར་འགྱུར་རོ།། རབ་ཏུ་འབྱུང་བས་གནོད་སམ
195b4 ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། བསོད་སྙོམས་སྤྱོད་པས་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ།། དགོན་པར་གནས་པས་འཇིགས་པ་མེད་པར་འགྱུར་རོ།། ནང་དུ་ཡང་དག་འཇོགས་པས་བསམ
195b5 གཏན་དང་། མངོན་པར་ཤེས་པ་དང་། ཚངས་པའི་གནས་ཐོབ་པར་འགྱུར་རོ།། ཇི་ལྟར་ཐོས་པའི་ཆོས་ལ་སོ་སོར་རྟོག་པ་དང་། ཡང་དག་པར་རབ་ཏུ་སྟོན་པས་སོ་སོར་ཡང་དག་པར་རིག་པ་ཐོབ
195b6 པར་འགྱུར་རོ།། དྲན་པ་ལ་མཁས་པས་གཟུངས་ཐོབ་པར་འགྱུར་རོ།། སྤོབས་པ་ལ་མཁས་པས་ཁྱད་པར་ལུང་སྟོན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ།། བློ་གྲོས་འ་མཁས་པས་ཆོས་དང་དོན་རབ
195b7 ཏུ་དབྱེར་བའི་ཡེ་ཤེས་ཐོབ་པར་འགྱུར་རོ།། མོས་པ་ལ་མཁས་པས་མི་འཇིགས་པ་ཐོབ་པར་འགྱུར་རོ།། ཕུང་པོ་ལ་མཁས་པས་ཤེས་རབ་རབ་ཏུ་དབྱེ་བར་འགྱུར་རོ།། ཁམས་ལ་མཁས་པས




iiif viewer powered by OpenSeadragon

195a - 196a

Texts on this page

Ty031-003 - 'phags pa chos yang dag par sdud pa zhes bya ba theg pa chen po'i mdo