e-texts navigator
Collection
Volume
Page
Wylie

195a1 པའི་ཡེ་ཤེས་ཀྱི་ཡུལ་དང་སྤྱོད་ཡུལ་ལ་གནས་པ། ཆོས་ཀྱི་དབྱིངས་མཐའ་དང་དཔུང་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ། བྱང་ཆུབ་སེམས་དཔའི་བར་ནག་པ་དང
195a2 བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ། བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ཤིན་ཏུ་རྟོག་པར་ཁོང་དུ་ཆུད་པ། མཐར་ཐུག་པའི་གནས་བཅུ་ཐོབ་པ། ཡོན་ཏན་གྱི་རྒྱན་དཔག་ཏུ་མེད
195a3 བས་བརྒྱན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་། གཟུངས་དང་བཟོད་པ་དང་། སོ་སོ་ཡང་དག་པར་རོག་པ་རྟོགས་པར་ཁོང་དུ་ཆུད་པ་ཤ་སྟག་དང་། ལཱུ་དང་ཀླུ་དང་། གནོད་སྦྱིན
195a4 དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་གཟི་བརྗིད་ཆེ་བ། བརྒྱ་སྐྱོང་དང་།
195a5 གཡོག་བརྒྱ་སྟོང་དུ་མ་དང་ཡང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གོ་རིམས་ཀྱི་ཚུལ་གྱི་སྒོ་ལ་འཇུག་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཆེན་པོ་སྟོན་ཏོ།།
195a6 འདི་ལྟ་སྟེ། འཕགས་པ་རྣམས་མཐོང་བས་དད་པོ་ཐོབ་པར་འགྱུར་རོ།། དད་པ་ཐོབ་པས་དགེ་བའི་ཆོས་ལ་འདུན་པ་ཐོབ་པར་འགྱུར་རོ།། དགེ་བའི་ཆོས་ལ་འདུན་པས་རྒྱུན་ཏུ་ཆུད་པ་ཐོབ་པར་འགྱུར
195a7 རོ།། རྒྱུན་དུ་ཆུད་པ་ཐོབ་པས་དོན་རྙེད་པར་འགྱུར་རོ།། དོན་རྙེད་པས་བདག་པོ་ཐོབ་པར་འགྱུར་རོ།། བདག་པོ་ཐོབ་པས་སྦྱིན་པ་ཐོབ་པར་འགྱུར་རོ།། སྦྱིན་པས་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར




iiif viewer powered by OpenSeadragon

194b - 195b

Texts on this page

Ty031-003 - 'phags pa chos yang dag par sdud pa zhes bya ba theg pa chen po'i mdo