| | e-texts navigator
|
190b1 འདོད་པའི་ཁམས་སུ་སྣང་བར་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བསན། བདུད་རྩི་དང་དུག་སུམ་འདྲེས་པར་བྱོས་ཤིག་གདུག་མེད་པ་རྣམས་དང་ཡང་མ་བསྟེན་ཅིག། དུག་དང་ལྡན་པ་རྣམ།
190b2 ལ་བདུད་རྩིའི་སྦྱིན་བ་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་།། བྱང་ཆུབ་སེམས་དཔའ་རྣམས་བདུད་རྩི་དང་དུག་ཏུ་མ་འདྲེས་པ་ལགས། ཇི་ལྟར་ན་དུག་མ་མཆིས་པ་རྣམས་དང་མི
190b3 བསྟེན་པ་ལ་གོས། ཇི་ལྟར་ན་དུག་དང་ལྡན་པ་རྣམས་ལ་བདུད་རྩིའི་སྦྱིན་པ་བགྱིད་པ་ལགས། བཀའ་སྩལ་པ། བདུད་རྩི་ཞེས་བྱ་བ་ནི་བག་ཡོད་པའོ།། དུག་ཅེས་བྱ་བ་ནི་བག་མེད་པ་སྟེ། དེ
190b4 ལ་བྱང་ཆུབ་སེམས་དཔས་བག་ཡོད་པར་བྱ་ཞིང་། བག་མེད་པའི་བྱང་ཆུབ་དང་མ་འདྲེས་པར་བྱའོ།། དུག་མེད་པ་རྣམས་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཏེ། དེ་དག་དང་བསྟན་པར་མི་བྱའོ།། དུག་དང་།།
190b5 ལྡན་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཏེ། དེ་དག་ལ་བདུད་རྩི་བསྟན་པར་བྱ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མངོན་པར་དགའ་བར་བྱ་བ་ལ་ནི་མངོན་པར་དགའ་བར་མ་བྱེད་ཅིག།
190b6 མངོན་པར་དགའ་བར་མི་བྱ་བ་ལ་མངོན་པར་དགའ་བར་གྱིས་ཤིག། དགའ་བ་དང་འདོད་ཆགས་དང་ལྡན་པར་ཡང་གྱིས་ཤིག། དགའ་བ་དང་འདོད་ཆགས་ཡོངས་སུ་གཅད་པར་ཡང་བྱིས་ཤིག།
190b7 གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་དགའ་བར་བགྱི་བ་ལ་མངོན་པར་དགའ་བར་མི་བགྱིད་པ་ལགས། ཇི་ལྟར་ན་མངོན་པར་དགའ་བར་མི་བགྱིད་པ
iiif viewer powered by OpenSeadragon
190a - 191a