| | e-texts navigator
|
177a1 དེ་ནས་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔ།
177a2 རྣམ་པར་འཕྲུལ་པ་ཆེན་པོས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་མེ་ཏོག་བན་དུ་འདི་བྱིན་གྱིས་བརླབ་ཏུ་གསོལ། གནས་དང་།
177a3 གྲོང་དང་། གྲོང་ཁྱེར་དང་། ལྗོངས་གང་གི་བཟོད་པ་འདི་འཆད་པར་འགྱུར་བ་དེ་དང་དེ་དག་ཏུ་མེ་ཏོག་བན་དུ་འདི་རབ་ཏུ་སྤྱོད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རིགས་ཀྱི་བུ
177a4 དག་དེ་ལྟར་དེ་བཞིན་དུ་གཉིས་ཀ་བྱིན་གྱིས་བརླབ་པར་བྱའོ།། སངས་རྒྱས་ཀྱི་ཞིང་གང་ན་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་དོན་དུ་གཉེར་བར་འགྱུར་བ་དང་། གློང་བཞི་པ
177a5 གང་དང་། ཡུལ་དང་། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། འོར་གྱི་གྲོང་དག་ཏུ། རིགས་ཀྱི་བུ་པོ་འམ། རིགས་ཀྱི་བུ་མོ་དག་བྱང་ཆུབ་དོན་དུ་གཉེར་བར་འགྱུར་བ་དེ་དག་ཏུ་བཟོད་པ་འདི
177a6 སྒོམ་པ་དང་། འཆང་བ་དང་། སྟོན་པ་དང་། འདྲི་བ་དང་། ཀློག་པ་དང་། དྲན་པ་དང་། སྤྱོད་པར་འགྱུར་རོ།། བཟོད་པ་འདི་གང་ན་སྤྱོད་པ་དེར་མེ་ཏོག་བན་དུ་འདི་སྤྱོད་པར་འགྱུར་རོ།། བཅོམ་ལྡན
177a7 འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱོགས་བཅུ་ནས་ལྤགས་པའི་བྱང་ཆུབ་སེམས་དཔའ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཁོར་གྱི་འཇིག་རྟེན་ཐམས
iiif viewer powered by OpenSeadragon
176b - 177b