e-texts navigator
Collection
Volume
Page
Wylie

176b1 ཡོངས་སུ་རྫོགས་པར་བྱེད་པ་ནས། སངས་རྒྱས་ཀྱི་དགོས་པ་མཐའ་དག་ཡོངས་སུ་ཐོབ་པར་བྱེད་པའོ།། བཟོད་པ་འདིའི་མང་འབའ་ཤིག་གང་གིས་རྣ་ལམ་དུ་ཐོས་པ་ཡང་སྙིང་པོ་བྱང་ཆུབ་ཏུ།
176b2 བཔར་དུ་གང་ཟག་དེ་མི་ཁོམ་པ་བརྒྱད་དང་བྲལ་བར་འགྱུར་རོ།། གང་གིས་བཟོད་པ་བསྒོམ་པ་འདི་ཐོག་ཐག་ཉན་པ་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོག
176b3 བའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་ལྟར་མཐུ་ཆེའོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བྱེད་པ་རྒྱན་དུ་བྱེད་པ། ཕྱིར་མི་ལྡོག་པར་བྱེད་པ། རྣམ་པར
176b4 རྩེན་པར་བྱེད་པ། འཇུག་པར་བྱེད་པ། གཟུགས་ཞི་བྱེད་པ། ཡོངས་སུ་སྨིན་པར་བྱེད་པ། འབྲལ་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའོ།། །
176b5 བཟོད་པ་འདི་དེ་ལྟར་བསྟན་པ་ན། ཕྱོགས་བཅུའི་སངས་རྒྱ་སྤྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ
176b6 ཏོ།། བཙུན་པ་བཅོམ་ལྡན་འདས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་སེམས་ཅན་རྣམས་ལ་བཤད་དེ། བླ་ན
176b7 མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དགོད་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་གང་གིས་དུས་ལ་བབ་པར་སེམས་ནའོ།




iiif viewer powered by OpenSeadragon

176a - 177a

Texts on this page

Ty031-001 - 'phags pa yang dag par spyod pa'i tshul nam mkha'i mdog gis 'dul ba'i bzod pa zhes bya ba theg pa chen po'i mdo