| | e-texts navigator
|
175b1 ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེར་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་ཡོན་ཏན་དང་བསྔགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། ཡུལ་དེར་དགེ་སྦྱོང་དང་། བྲམ་ཟེ་རྣམས
175b2 ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བོའི་གསོས་སྨན་དང་། ཡོ་བྱད་དག་རྙེད་པར་འགྱུར་བ་དང་། བསམ་གཏན་བྱེད་པ་ལ་བརྩོན་པར་འགྱུར་པོ་དང་། རི་ལ་མངོན་པར
175b3 དགའ་ཞིང་རབ་ཏུ་དབེན་པར་འགྱུར་བ་དང་། སེམས་ལས་བྱུང་བའི་བདེ་བ་བཞི་ལ་གནས་པ་རྙེད་པར་འགྱུར་རོ།། ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེའི་གྲོང་རྡལ་དང་། ལྡོང
175b4 ཀྱི་མི་རྣམས་ཀྱི་ལེགས་པ་བཞི་འབྱུང་བར་འགྱུར་ཏེ། བཞི་གང་ཞེ་ན། ཁྲོན་པ་དང་། ཆུ་མིག་དང་། ལྡན་པར་འགྱུར་བ་དང་། གནོད་པ་མེད་པར་འགྱུར་བ་དང་། ལས་ཀྱི་མཐའ་གྲུབ་པར་འགྱུར།
175b5 བ་དང་། སྦྱིན་པའི་གནས་སྣོད་དུ་གྱུར་པ་རྣམས་དང་མི་འབྲལ་བར་འགྱུར་རོ།། གཞན་ཡང་ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེར་བུད་མེད་རྣམས་ཀྱི་ལེགས་པ་བཞི་འབྱུང
175b6 བར་འགྱུར་ཏེ། བཞི་གང་ཞེ་ན། ཡུལ་དེའི་བུད་མེད་ཕྲག་དོག་དང་། ཁྲོ་བ་རྣམ་པར་སྤོང་བར་འགྱུར་བ་དང་། སྐྱེ་བོ་ཐམས་ཅད་ལ་བཟོད་པར་འགྱུར་བ་དང་། བུ་རྙེད་པར་འགྱུར་བ་དང་།
175b7 ནང་ཉུང་བར་འགྱུར་བའོ།། གང་ན་དུ་ཡང་བུད་མེད་གང་བཟོད་པ་འདི་ཉན་པ་དེ་ལ་དད་པ་རྙེད་ཅིང་། ཆོས་སྨྲ་བ་ལ་ཕན་པར་ཟེར་བ་དེ་ནི་བུད་མེད་དུ་གྱུར་པའི་ཐ་མ་ཡིན་ཏེ། སྙིང་པོ་བྱང་ཆུབ་ཀྱི་བར
iiif viewer powered by OpenSeadragon
175a - 176a