| | e-texts navigator
|
175a1 ཕུན་སུམ་ཚོགས་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་ལེགས་སོ་ལེགས་སོ།། ཁྱེད་ཇི་སྐད་སྨྲས་པ་དེ་བཞིན་དུ་ཉམ་སུ་ལོངས
175a2 ཤིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འོས་དང་ལྡན་པའི་རྒྱལ་པོ་ཡུལ་གང་དུ་ཆོས་དང་ལྡན་པར་འགྱུར་བར་བདག་ཅག་མདངས་དང་། སྟོབས་དང་། གཟི་བརྗིད་དང་། འཁོར་འཕེལ་བར་འགྱུར་རོ།།
175a3 དེ་དག་གིས་གསོལ་བ། བཅོམ་ལྡན་འདས་དེ་དེ་ལྟར་ལགས་ཏེ་ཡུལ་གང་དུ་བཟོད་པ་འདི་རབ་ཏུ་འཆད་པར་འགྱུར་བའི་ཡུལ་དེར་རྒྱལ་པོའི་ཞབས་འབྲིང་བ་དང་། བློན་པོ་རྣམས་ཀྱི་ཡོན་ཏན་དང་།
175a4 ལེགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན་ཡུལ་དེར་རྒྱལ་པོའི་ཞབས་འབྲིང་བ་དང་། བློན་པོ་རྣམས་ཕན་ཚུན་བཟོད་པ་དང་། ངེས་པ་དང་། དགའ་བ་དང་། གུས་པའི་སེམས་སུ་འགྱུར་བ་དང
175a5 རྒྱལ་པོ་ཡང་བྱམས་པར་འགྱུར་བ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། གྲོང་རྡལ་གྱོ་མོ་དང་། ལྗོངས་ཀྱི་མི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ཀྱིས་ཡིད་དུ་འོང་ཞིང་དགའ
175a6 བར་འགྱུར་བ་དང་། ཆོས་འདོད་པར་འགྱུར་གྱི་རྙེད་པ་མི་འདོད་ཏེ། ཕྱོགས་བཅུར་གླགས་པའི་སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེར་གྲགས་ཤིང་། ཚེ་རིང་བ་དང་། བདེ་བ་དང་། ཡིད་བདེ་བ
175a7 མང་བར་འགྱུར་བ་སྟེ། ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བ་དེའི་རྒྱལ་པོའོ་ཞབས་འབྲིང་བ་དང་། བློན་པོ་རྣམས་ཀྱི་ཡོན་ཏན་དང་། བསྔགས་པར་འགྱུར་བ་ནི་དེ་དག་གོ། གཞན་ཡང
iiif viewer powered by OpenSeadragon
174b - 175b