e-texts navigator
Collection
Volume
Page
Wylie

174b1 སེམས་ཅན་ཡོངས་སུ་སྨིན་པར་བྱས་ཤིག། རིགས་ཀྱི་བུ་ཡུལ་གང་ན་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་རབ་ཏུ་འཆད་པའི་ཡུལ་དེར་ཡོན་ཏན་རྒྱ།
174b2 ཁྱད་པར་དང་། དཔལ་ཕུན་སུམ་ཚོགས་པ་སྣ་ཚོགས་འབྱུང་བར་འགྱུར་རོ།། དེའི་ཚེ་རྒྱལ་པོ་ཡོན་ཏན་དང་བསྔགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། རྒྱལ་པོ་ནད་མེད་པར་འགྱུར་བ་དང་།
174b3 གནོད་པ་ཉུང་ཞིང་ཚེ་རིང་བར་འགྱུར་བ་དང་། རྡུལ་དང་བྲལ་ཞིང་རྒོལ་བ་དང་དགྲ་མེད་པར་འགྱུར་བ་དང་། སྟོབས་དང་རྩལ་ཐགས་ཐུགས་མེད་ཅིང་དགའ་བ་མང་ལ་ཆོས་འདོད་པར་འགྱུར་ཏེ།
174b4 ཅིའི་ཕྱིར་ཞེ་ན། འདི་ལྟར་ཀླུ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། གནོད་སྦྱིན་གྱི་བདག་པོ་རྣམས་ཀྱིས་རབ་ཏུ་བསྲུང་བར་འགྱུར་ཏེ། བཞིན་བཟངས་དག་དང་དེ
174b5 ལ་དེ་ལྟར་མཉམ་པ་མེད་དོ།། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་པོ་དང་། གནོད་སྦྱིན་གྱི་བདག་པོ་རྣམས་ཀྱིས་ཚིག་འཐུན་པར་གསོལ་བ་དང་། བཅོམ་ལྡན་འདས་དེ་ལྟ་ལགས
174b6 ཏེ། ཡུལ་གང་དུ་བརྗོད་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེའི་རྒྱལ་པོར་འགྱུར་བ་དེའི་སླད་བཞིན་དུ་བདག་ཅག་འབྲང་ཞིང་གནོད་པ་ལས་བསྐྱབ་པར་བགྱིའོ།། བྲོ་ནང་ཞི་བར་བགྱིའོ།།
174b7 དེའི་ཚེ་བསྐྱང་བར་བགྱིའོ།། དེ་དགྲ་ལས་བསྐྱང་བར་བགྱིའོ།། དཔལ་དང་སྐལ་བ་བཟང་པོ་དང་། ཆོས་ལ་དགའ་བ་ཉེ་བར་བསྟན་པར་བགྱིའོ།། སྟོབས་དང་། རྩལ་ཐགས་ཐོགས་མ་མཆིས་པ




iiif viewer powered by OpenSeadragon

174a - 175a

Texts on this page

Ty031-001 - 'phags pa yang dag par spyod pa'i tshul nam mkha'i mdog gis 'dul ba'i bzod pa zhes bya ba theg pa chen po'i mdo