e-texts navigator
Collection
Volume
Page
Wylie

172a1 འོར་གྱི་གྲོང་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཆོས་ཀྱི་མག་འདི་ལ་བརྩོན་པར་བྱ་བ་དང་། ཟབ་མོ་ཆོས་ཐམས་ཅད་ཀྱི་སྒོའི་བན་དང་། བཟོད་པ་འདི་རབ་ཏུ
172a2 བསྟན་པ་དང་། བཟོད་པ་འདི་ལ་སེམས་ཅན་ཀྱང་རབ་ཏུ་སྦྱོར་བ་དང་། གང་བཟོད་པ་འདི་སྒོམ་པ་དང་། ཀློག་པ་དང་། གཞན་ལ་ཡང་ལུང་འབོག་པ་དང་། ཀློག་ཏུ་འཇུག་པ་དང་། གང་ཡང་ཉན
172a3 པ་དང་། འདྲི་བ་དང་། འདྲིར་འཇུག་པ་དེ་དག་ལ་སྤྲོ་བར་བྱ་བ་དང་། ཆོས་དང་ལྡན་པ་དེ་དག་ཀྱང་བསྲུང་བ་དང་། སྒྲུབ་པ་དང་། སྦེད་པ་སྒྲུབ་པར་ཁྱེད་ལས་སུ་དག་སྤྲོ་བར་འགྱུར།
172a4 དེའི་ཚེ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནཱས། འདི
172a5 སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་དམ་པའི་ཆོས་ཀྱི་སྤྱན་ནས་ཀྱི་བར་དུ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་རྣམས་སྦྱར་བར་བགྱི་བའི་བར་དང་།
172a6 གང་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་ལ་འདྲིར་སྩལ་པ་དེ་དག་བདག་ཅག་ཆོས་དང་ལྡན་པ་ལ་སྦྱོར་བར་བགྱི་བ་ལ་སྤྲོའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག
172a7 སྐྱེས་བུ་ཆེན་པོའི་བྱེད་པ་བྱ་བ་དང་། ཇི་ལྟར་རིགས་ཀྱི་བུ་ཁྱེད་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁོའི་མདོག་གིས་འདུལ་བའི་བཟོད་པ་འདི་ཐོབ་པ་ནི་ལེགས་སོ་ལེགས་སོ།། རིགས་ཀྱི




iiif viewer powered by OpenSeadragon

171b - 172b

Texts on this page

Ty031-001 - 'phags pa yang dag par spyod pa'i tshul nam mkha'i mdog gis 'dul ba'i bzod pa zhes bya ba theg pa chen po'i mdo