| | e-texts navigator
|
394a1 བའི་སྒྲ་ཐོས་པ་དང་། དགའ་མགུ་ཡི་རངས་པར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན
394a2 འདས་ལ་ཕྱག་འཚལ་ནས། ངོ་མཚར་དུ་གྱུར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སྟོང་པའི་ཆོས་ལ་ཇི་ལྟར་བདག་བཟོད་བཞིན།། གང་དག་སེམས་ཅན་ཡང་དག་མེ་རྟོག་ཅིང་།། ཆོས་ལའ
394a3 ནམ་ཡང་རྟོག་པར་མི་བྱེད་པ།། འཇིག་རྟེན་ན་ནི་དེ་དག་མཉམ་པར་གཞག། སེམས་ཅན་འཁྲུལ་ལ་ནམས་ཀྱང་མི་བལྟ་ཞིང་།། ཆོས་རྣམས་ནམ་མཁའ་བཞིན་དུ་བསམས་བྱས་ནས།། གང་དག་སྒྱུ་མའི་ངོ་བོ་ཉིད
394a4 མོས་པ།། གང་དག་བདག་ཏུ་ལྟ་མེད་དེ་དག་བདེ།། འདི་དག་སེམས་ཅན་ཡིན་ནམ་མ་ཡིན་ཞེས།། འདུ་ཤེས་ཐམས་ཅད་ལ་ནི་མི་དམིགས་པ།། སེམས་ཅན་ཀུན་ལ་འདུ་ཤེས་མེད་པ་དང་།། གང་དག་སེམས་ཅན།
394a5 ལྷ་མེད་དེ་དག་བདེ།། རིང་པོར་འདུ་ཤེས་རྣམས་ཀྱང་གང་མ་ཆགས།། ནམས་ཀྱང་དངོས་པོའི་འདུ་ཤེས་རྨོངས་པ་མེད།། ལྡང་བར་མི་བྱེད་འདུག་པར་བྱེད་པའང་མེད།། གང་དག་སྲོག་ཏུ་ལ་མེད་དེ་དག་བདེ།།
394a6 སེམས་ཅན་ཐ་དད་མི་བྱེད་མ་བས་པ་གང་།། ཆོས་ཀྱི་དབྱིངས་དང་འགལ་བར་མི་འགྱུར་ལ།། གང་ཟག་འདུ་ཤེས་ཐམས་ཅད་རྣམ་པར་ཤིག། གང་དག་ཐ་དད་བློ་མེད་དེ་དག་བདེ།། གང་དག་སྦྱིན་དང་ཚུལ
394a7 ཁྲིམས་རྟག་ཏུ་གནས།། འཇུངས་པའི་བསམ་པར་ནམས་ཀྱང་མ་གྱུར་ཅིང་།། གོང་བུའི་ཆོས་ལའང་ཡང་དག་མི་གནས་པ།། གང་དག་ཚུལ་ཁྲིམས་རློམ་མེད་དེ་དག་བདེ།། གང་དག་བཟོད་དང་ངེས་པའི་ཡོན
iiif viewer powered by OpenSeadragon
393b - 394b