| | e-texts navigator
|
361b1 རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་བཟུང་བས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ
361b2 སྩལ་པ། བྱམས་པ་ལེགས་སོ་ལེགས་སོ།། བྱམས་པ་ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་ནི་དེ་བཞིན་ནོ།། དེ་ནི་བདེར་ནོ།། དེ་ནི་ཁོ་ནའོ།། དེ་ནི་མ་ནོར་བའོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐེ
361b3 ཆོམ་དང་བཅས་པས་ཟོས་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་མ་ཡིན་ན། གང་དག་ཐེ་ཚོམ་མེད་པར་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན
361b4 ཆུབ་པར་བྱེད་པ་དང་། རྒྱ་ཆེར་ཡང་དག་པར་སྟོན་པ་ལྟམས་ཀྱང་ཅི་དགོས། མདདོ་རྗེ་འཛིན་པ་དེ་ལྟ་བུ་དེ་དག་ལ་བདུད་ཀྱི་ལས་འབྱུང་བར་མི་འགྱུར་རོ།། དེ་དག་ལ་འདོད་ཆགས་དང་། ཞེང
361b5 དང་། གཏི་མུག་དང་། ང་རྒྱལ་དང་། སེར་སྣ་དང་། ཁྲོ་བ་དང་། གནོད་སེམས་ཀྱིས་གནོད་པར་མི་འགྱུར་རོ།། དེའི་ལུས་ལ་རིམས་ནད་དམ་ནདའབྱུང་བར་མི་འགྱུར་རོ།། ཡུལ་གང་ན་མེད
361b6 སྡེ་འདི་ལྟ་བུ་འཛིན་པ་དང་། ཆོས་སྨྲ་བ་གནས་པའམ། ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་དུ་བྲིས་ཏེ་ཡོད་པའི་ཡུལ་དེར་ནད་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་དང་།
361b7 འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླད
iiif viewer powered by OpenSeadragon
361a - 362a