e-texts navigator
Collection
Volume
Page
Wylie

358b1 སྟེ། འཏིང་དེའི་ཚེ་དེའི་དུས་ན་དྲག་ཤུལ་ཅན་གྱིས་བྱིན་པ་ཞེས་བྱ་བའི་ཁྱིམ་བདག་ཏུ་གྱུར་ཏོ།། ངས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་པའི་བར་དང་། སངས་རྒྱས་ཉིད་མ
358b2 ཐོབ་ཀྱི་བར་དུ་ཚེ་རབས་བྱེ་བ་ཁྲག་ཁྲིག་འབུམ་དེ་དང་དེ་དག་ཏུ་ཆོས་འདི་ཀུན་ཏུ་བསྟན་ཏོ།། བསྒོམས་སོ།། མང་དུ་བྱས་སོ།། རིགས་ཀྱི་བུ་གང་གིས་ན་ངའི་འཁོར་གྱི་དཀྱིལ་འཁོར་བཀོད་པ་འདི།
358b3 འདྲ་བར་གྱུར་པའི་རྒྱུ་ནི་དེ་ཡིན་ནོ།། རྐྱེན་ནི་དེ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་བཀོད་པ་དང་། དགེ
358b4 སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན
358b5 བདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན
358b6 པོ་ཛི་ན་མི་ཏྲ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
358b7 རྒྱ་གར་སྐད་དུ། ཡཨཱརྱ་ཨ་མྲི་ཏ་ཝརྞ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདུད་རྩི་བརྗོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད




iiif viewer powered by OpenSeadragon

358a - 359a

Texts on this page

Ty029-007 - 'phags pa dkyil 'khor brgyad pa ces bya ba'i chos kyi rnam grangs theg pa chen po'i mdo
Ty029-008 - 'phags pa bdud rtsi brjod pa zhes bya ba theg pa chen po'i mdo