| | e-texts navigator
|
355b1 གཤེགས་པའི་མཚན་ཡོངས་སུ་བརྗོད་པ་བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འའི་ཉམས་སུ་བླངས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀའུ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱིས་རྩཝ་དང་ཕྲམ
355b2 ཡིད་གཡུལ་འགྱེད་པར་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་བརྗོད་པར་བྱའོ།། ཡོངས་སུ་བརྗོད་པ་ན་ཝའི་བུ་ཁྱོད་རྒྱལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ།
355b3 གང་ཡིན་པ་དེ་ནི། བདེ་ཞིང་འཇིགས་པ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། མཚན་ཡོངས་སུ་བརྗེད་པ་གང་ཡིན་པ་དེ་ནི་ཀུན་ནས་ལྡང་བ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན
355b4 གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་དེ་ནི། ཡང་དག་པའི་མཚན་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་དེ་ནི། གཡུལ་ཐམས
355b5 ཅད་ལས་ཡང་དག་པར་འདས་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་དེ་ནི། ཟིལ་གྱིས་མི་ནོན་པར་ཡོངས་སུ་བརྗོད་པ་དང་། ཞི་བར་ཡོངས་སུ
355b6 བརྗོད་པ་དང་། ཡོངས་སུ་གདུང་བ་མེད་པར་ཡོངས་སུ་བརྗོད་པ་དང་། འཇིགས་པ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི
355b7 ཕྱིར་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་དཱ་ར་བ་དག་གིས་མངོན་པར་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། ཡིད་དགའ་བ་དང་། སེམས
iiif viewer powered by OpenSeadragon
355a - 356a