e-texts navigator
Collection
Volume
Page
Wylie

353b1 སོགས་པ་དང་། བུ་ཆེན་གྱི་ལོ་རྩབ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། @། རྒྱ་གར་སྐད་དུ། ཡཨཱརྱ་ཨཉྫ་མཾ་ག་ལ
353b2 ཀན་རཱ་མ་མ་པཱ་ཡ་ན་སཱུ་ཏྲ། བོད་སྐད་དུག་འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད
353b3 བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ན་ཨ་མྲ་སྲུང་བའི་ཚལ་ན་བཞུགས་སོ།། དེ་ནས་ལི་ཙ་བྱིའི་བུ་རྩལ་རབ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ
353b4 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
353b5 རྒྱས་གང་ལ་ལ་སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་དག་བཞུགས་པ། བཅོམ་ལྡན་འདས་གང་དག་ཟས་ན་བདག་གིས་སྤྱི་བོས་བཀུར་ཞིང་། གང་དག་བདག་སྤྱི་བོས་བཀུར་བས་མི་འམ་མི་མ
353b6 ལགས་པ་ལས་འཇིགས་པ་འམ། གཙེ་བ་འབྱུང་བར་མི་འགྱུར་བ་དང་། བཅོམ་ལྡན་འདས་བདག་རྒྱལ་བའི་ཕོ་བྲང་དུ་མཆིས་ཏེ་སྨྲ་བརྗོད་པ་ན་ཅི་ནས་གང་གིས་ཀྱང་སྨྲ་བ་ལ་བཟློག་པ་མི་བགྱིད
353b7 ཅིང་ཟིལ་གྱིས་མི་ནོན་པ་དང་མཚན་དེ་ད་གཉིད་བདག་འཛི་ན། གཉིད་ཀྱིས་ལག་ན་ཡང་སྡིག་པའི་རྨི་ལམ་རྨི་བར་མི་འགྱུར་བ་དང་། བདག་མཚོན་ཆགཟས་པའི་གཡུལ་གྱི་ནང་དུ་ཞུགས




iiif viewer powered by OpenSeadragon

353a - 354a

Texts on this page

Ty029-005 - 'phags pa sangs rgyas brgyad pa zhes bya ba theg pa chen po'i mdo
Ty029-006 - 'phags pa bkra shis brgyad pa zhes bya ba theg pa chen po'i mdo