e-texts navigator
Collection
Volume
Page
Wylie

97b1 དུ་ཟིནན་ཁྱང་ན་བར་མངོན་ནོ།། བྲམ་ཟེ་ཆེན་པོ་གཞན་ཡང་འདིར་མིལ་ལ་ཞིག་གིས་སྲོག་གཅོད་པ་བྱས་ན་ལོབརྒྱ་ཐག་མང་པོང་སེམས་ཅན་དབུལ་བར་སྲེག་པར་འགྱུར་ལ། བསོད་ནམས་བྱས་ན། ཡོ་བྱེད
97b2 སྙིང་དུ་མཐོངས་སུ་མངོན་པར་རྩེ་བར་འགྱུར་བས་ན། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པ་ནི་ཡོན་ཏན་བ་སམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་། བགས་ཀྱི་ཚོགས་ཀྱིས་བསྒོས་པ་མ་ཡིན་པས་གལ
97b3 དེ་བཞིན་གཤེགས་པ་ལ་ལྷས་བྱིན་གྱིས་བཀྲོངས་པར་བསམས་སུ་ཟིན་ན། དེ་ལྟར་སེམས་གཅིག་བ་སྐྱེས་པ་ཙམ་གྱི་ལས་ཀྱི་འབྲས་བུ་དེས་ཀྱང་། ལོ་བྱེ་བ་ཕྲག་གྲངས་མེད་དཔབ་ཏུ་མེད་པ་བཟང་བ།
97b4 ལས་ཤིན་ཏུ་འདས་པ་སྲིད་དུ། སེམས་ཅན་དམྱལ་བར་ཤིན་ཏུ་བསྲེག་པར་འགྱུར་བའི་རིགས་ན། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པ་ནི་བསྐལ་པ་བརྒྱ་སྟོང་ཕྲག་བྱེ་བ་གྲངས་མེད་པ་མང་པོ་ཡུན
97b5 རིང་པོ་ནས་དཔྲ་ལས་འདས་པ་ཡིན་ལ། དེ་བཞོན་གཤེགས་པ་དང་། ལྷས་བྱིན་སེམས་ཅན་དམྱལ་བ་ན་བསྲེག་པ་གཉིས་ཀྱང་ཕྲད་པར་ག་ལ་འགྱུར་ཏེ་དེ་ནི་གནས་མེད་དེ། བྲམ་ཟེ་ཆེན་པོ་གཞན་ཡང་གལ
97b6 ལྷས་བྱིན་སྡིག་པས་འཚེ་བ་ཞི་བ་ཡིན་དུ་ཟིན་ན། སྐྱེས་པའི་རབས་བརྒྱ་སྟོང་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ལྷས་བྱིན་ལྷན་ཅིག་ཏུ་ཕྲད་ཅིང་འགྲོགས
97b7 པར་ཡང་ཇི་ལྟར་འགྱུར་ཏེ། དེ་ནི་གནས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་ལྷས་བྱིན་བཅོམ་ལྡན་འདས་བཀྲོངས་པར་སེམས་པ་དེ་ཙམ་དུ་སེམས་ཅན་དམྱལ་བར་ངེས་པར་བསྲེགས་པར་འགྱུར་བས་ན




iiif viewer powered by OpenSeadragon

97a - 98a

Texts on this page

Ty027-001 - 'phags pa sprin chen po zhes bya ba theg pa chen po'i mdo