| | e-texts navigator
|
97a1 ཡོངས་སུ་མི་སྤྱོད་ད་ཤཱཀྱའི་རིགས་སུ་སྐྱེས་ལ། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ནས། རབ་ཏུ་བྱུང་བ་འདི་ལྟ་བུའི་ལས་ལ་སྦྱོར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ།། ས
97a2 བྱིན་དྲུག་སྔ་དང་བཅས་པས་ནི་ཤིན་ཏུ་བྱམས་པར་བྱས་པ་ཡིན་ནོ།། ལྷས་བྱིན་ནི་ངུར་སྨྲིག་འཆང་བ་ཙམ་དུ་ཟད་པ་ཡང་མ་ཡིན་ནོ།། ལྷས་བྱིན་ནི་མུ་གའི་མབོ་བྱི་ཡང་མ་ཡིན་ནོ།། ལྷས་བྱིནིན་དྲུག་སྡེ་དང་བཅས
97a3 པ་ནི། སོ་སར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ནོ།། ལྷས་བྱིན་ནི་སྡིག་པ་ལ་ངེས་པ་མ་ཡིན་ནོ།། ལྷ་ས་བྱིན་ནི་སྡིག་པ་འདོད་པ་ཡང་མ་ཡིན་ནོ།། ལྷ་ས་བྱིན་དྲུག་སྡེ་དང་བཅས་པ་ནི། དེ་བཞིན
97a4 གཤེགས་པའི་ཐབས་ཀྱི་དགེ་སློང་ཡིན་པར་བལྟ་བར་བྱའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་རྟག་ཏུ་ཡང་མངོན་པར་ཤེས་པ་རྣམས་ཀྱིས་སེམས་ཅན་དམྱལ་བ་ན་རྩ་བར་བྱེད་དེ། འདི་ནི་བྱང་ཆུབ
97a5 སེམས་དཔའི་སྤྱོད་ཡུལ་ཡིན་པར་བལྟའོ།། ལྷས་བྱིན་ནི་སེམས་ཅན་དམྱལ་བར་འགྲོ་བ་ཡང་མ་ཡིན་ནོ།། བྲམ་ཟེ་ཆེན་པོ་གཞན་ཡང་ལྟོས་དང་། དཔེར་ན་ཡུལ་གཞན་གྱི་འདྲོན་པ་མོ་གཉིས་ཤིག་གྲོང་ཁྱེར
97a6 གཞན་ཞི་བ་ནཱ་འདུག་འདུག་པ་ལས་ཕྱིར་རང་རང་གི་ཡུལ་དུ་འགྲོ་བར་ཆས་ཏེ་གཅིག་ནི་ནུབ་ཕྱོགས་སུ་སོང་། གཅིག་ནི་ཤར་ཕྱོགས་སུ་སོང་ན། ཇི་ཙམ་དུ་སོང་བ་དེ་ཙམ་དུ་གྲོང་ཁྱེར་དང་ཤིན་ཏུ་རིང་བར
97a7 འགྱུར་རོ།། ཇི་ཙམ་དུ་སོང་བདུ་དེ་ཙམ་དུ་མི་དེ་གཉིས་ཕྱིར་ཕྲེང་བར་འགྱུར་བ་དེ་ནི་གནས་མེད་དོ།། བྲམ་ཟེ་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་དང་། ལྷས་བྱིན་གཉིས་ཀྱང་གལ་ཏེ་ཐབས་ཤིང་མ་ཡིན།
iiif viewer powered by OpenSeadragon
96b - 97b