e-texts navigator
Collection
Volume
Page
Wylie

94b1 ཆེན་པོར་བཀུར་བར་འགྱུར་རོ།། རྒྱལ་སྲིད་དང་ལོངས་སྤྱོད་དང་དབང་ཕྱུག་ལས་རྣམ་པར་བཟློག་པའི་ཕྱིར། གཞོན་ནུའི་ནང་དུ་ཡང་གཞོན་རུར་བཀུར་བར་འགྱུར་རོ།། བུད་མེད་ཡོངས་སུ་སྨིན་པར་བྱ་བའི་བྱིར། བཙུན།
94b2 མོའི་འཁོར་དག་ཏུ་ཡང་སྲུངས་མ་ཆུང་རུམ་དུ་བཀུར་བར་འགྱུར་རོ།། བསོད་ནམས་ཀྱི་ཁྱབ་པར་ལ་ལྷག་པར་དམིགས་པར་བྱ་བའི་ཕྱིར། སྐྱེ་བ་ཕལ་པ་རྣམས་དང་ཡང་འཐུན་པར་འཇུག་གོ།། དབང་ཕྱུག་གི་ཉེས
94b3 དམིགས་བསྟན་པའི་ཕྱིར། བརྒྱ་བྱིན་གྱི་ནང་དུ་ཡང་བརྒྱ་བྱིན་དུ་བཀུར་བར་འགྱུར་རོ།། ཡེ་ཤེས་ཀྱི་ཁྱབ་པར་བསྟན་པའི་ཕྱིར། ཚངས་པའི་རང་དུ་ཡང་ཚངས་པར་བཀུར་བར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི
94b4 ཡིད་དུ་འོང་བར་བྱ་བའི་ཕྱིར། ཟླ་བར་ཡང་འགྱུར་རོ།། སེམས་ཅན་གྱི་སྡིག་པའི་ཉེས་པའི་ཁབ་མང་པོ་བཞུ་བའི་ཕྱིར་ཉི་མར་ཡང་འགྱུར་རོ།། སེམས་ཐམས་ཅད་ཚུལ་སྲུང་དུ་བཞུག་པའི་ཕྱིར། འཇིག་རྟེན
94b5 སྐྱོང་གི་ནང་དུ་ཡང་འཇིག་རྟེན་སྐྱོང་དུ་བཀུར་བར་འགྱུར་རོ།། སངས་རྒྱས་ཀྱི་བཀོད་པ་ཐམས་ཅད་སྟོན་ཀྱང་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་དོ།། གཟུག
94b6 ཐམས་ཅད་སྣང་བར་སྟོན་ཀྱང་གཟུགས་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཉིད་རྣམ་པར་འཁྲུལ་པར་ཡང་མི་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ཡང་ཞིང་ཐ་དད་པར་འབྱེད་པར་ཡང་མི་བྱེད་དོ།།
94b7 སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བླངས་པ་རྗེས་སུ་ཐོབ་ཀྱང་ཆོས་ཀྱི་དབྱིངས་ལ་ཡང་འཇུག་པར་མི་བྱེད་དོ།། ལྷ་དང་མིའི་བདག་པོ་ཐམས་ཅད་ཡོངས་སུ་འཛིན་ཀྱང་དེ་ལ་རྒྱགས་པར་ཡང་མི་འགྱུར་ལ།




iiif viewer powered by OpenSeadragon

94a - 95a

Texts on this page

Ty027-001 - 'phags pa sprin chen po zhes bya ba theg pa chen po'i mdo